སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ནག་ཆུ་ས་ཁུལ་གྱིས་སྨན་བཅོས་རོགས་སྐྱོབ་ཀྱི་དམིགས་བསལ་བྱ་ཐབས་བཟོས་པ།
སྤེལ་དུས། 2013-06-21   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།   རྩོམ་སྒྲིག་པ།  སྐྱ་རེངས་ཀྱིས་བསྒྲིགས།

       ཉེ་དུས། གསར་འགོད་པས་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ས་ཁུལ་གྱི་རིམ་པ་དེ་གའི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་ཡུལ་དང༌གྲོང་ཁྱེར་གྱི་མི་འཁྱམས་སྤྲང་པོ། མེད་པ་གསུམ་གྱི་མི་སྣ་བཅས་ཀྱི་སྨན་བཅོས་རོགས་སྐྱོབ་བྱེད་པའི་དམིགས་བསལ་བྱ་ཐབས་བཟོས་ཟིན་པ་དང་། ནག་ཆུ་ས་ཁུལ་གྱི་རིམ་པ་དེ་གའི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་ཡུལ་དང༌གྲོང་ཁྱེར་གྱི་མི་འཁྱམས་སྤྲང་པོ། མེད་པ་གསུམ་གྱི་མི་སྣ་བཅས་སྨན་ཁང་དུ་སྡོད་པའི་དམིགས་བསལ་རོགས་སྐྱོབ་ལག་བསྟར་བྱ་ཐབས་བཟོས་ནས་གཤམ་སྤྲོད་བྱས་པ་རེད།

       ལག་བསྟར་བྱ་ཐབས་དེས་རིམ་པ་དེ་གའི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་ཡུལ་དང༌གྲོང་ཁྱེར་གྱི་མི་འཁྱམས་སྤྲང་པོ། མེད་པ་གསུམ་གྱི་མི་སྣ་བཅས་ལ་སྨན་བཅོས་རོགས་སྐྱོབ་ཁྱབ་ཁོངས་དང༌རོགས་སྐྱོབ་ལོངས་སྤྱོད་ཀྱི་ཆ་རྐྱེན། གོ་རིམ། ཚད་གཞི། སྨན་བཅོས་རོགས་སྐྱོབ་ཀྱི་མ་དངུལ་འབྱུང་ཁུངས་སོགས་ཐད་གཏན་འབེབས་ཁ་གསལ་བཟོས་ཡོད་པ་རེད། སྨན་བཅོས་རོགས་སྐྱོབ་ཀྱི་དམིགས་འཛུགས་སྨན་ཁང་ནི་ས་ཁུལ་མི་དམངས་སྨན་ཁང་དང་ས་ཁུལ་སྨན་རྩིས་ཁང་ཡིན་པ་དང༌། སྨན་བཅོས་རོགས་སྐྱོབ་ཀྱི་འགྲོ་གྲོན་མཇུག་རྩིས་བྱེད་སྟངས་ནི། མ་མཐའི་འཚོ་བ་འགན་སྲུང་བྱེད་ཡུལ་གྱི་མི་སྣ་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་ནང་ནས་ཆ་ཤས་ཤིག་སྒེར་གྱིས་སྤྲོད་དགོས་པ་ཕུད་དེ། གཞན་རྣམས་ས་ཁུལ་དམངས་སྲིད་ཅུས་དང་སྨན་བཅོས་འགན་བཅོལ་ལྟེ་གནས་ཀྱིས་དུས་ཚིགས་ལྟར་དམིགས་འཛུགས་སྨན་ཁང་ལ་མཇུག་རྩིས་རྒྱག་རྒྱུ་ཡིན་པ་དང༌། གྲོང་ཁྱེར་གྱི་མི་འཁྱམས་སྤྲང་པོ་དང་མེད་པ་གསུམ་གྱི་མི་སྣའི་རོགས་སྐྱོབ་བྱེད་ཡུལ་གྱི་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་རྣམས་དམངས་སྲིད་ཚན་པས། དུས་ཚིགས་གཞིར་བཟུང་དམིགས་འཛུགས་སྨན་ཁང་ལ་མཇུག་རྩིས་རྒྱག་རྒྱུ་ཡིན་པ་རེད། སྨན་བཅོས་རོགས་སྐྱོབ་མ་དངུལ་གྱི་འབྱུང་ཁུངས་ནི་མ་མཐའི་འཚོ་བ་འགན་སྲུང་བྱེད་ཡུལ་གྱི་སྨན་བཅོས་རོགས་སྐྱོབ་མ་དངུལ་ཡིན་པ་དེ་ཡང་། རང་སྐྱོང་ལྗོངས་དང་ས་ཁུལ་གྱིས་བཀོད་སྒྲིག་བྱས་པའི་སྨན་བཅོས་རོགས་སྐྱོབ་མ་དངུལ་ནང་ནས་གཏོང་རྒྱུ་དང༌། ས་ཁུལ་གནས་སའི་ཁུལ་གྱི་ལྗོངས་ཕྱི་ནང་གི་མི་འཁྱམས་སྤྲང་པོ་དང་མེད་པ་གསུམ་གྱི་མི་སྣའི་སྨན་བཅོས་རོགས་སྐྱོབ་མ་དངུལ་ནི། མི་འཁྱམས་སྤྲང་པོ་དང་མེད་པ་གསུམ་གྱི་མི་སྣའི་དོ་དམ་འགྲོ་གྲོན་དང་གནས་སྐབས་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་དངུལ་ནང་ནས་གཏོང་རྒྱུ། བདག་མེད་གཤིན་པོའི་ཕུང་པོ་ཐག་གཅོད་ཀྱི་འགྲོ་གྲོན་དང༌། མི་འཁྱམས་སྤྲང་པོ་དང་མེད་པ་གསུམ་གྱི་མི་སྣའི་འཚོ་བ་དང་ནད་གཡོག་གི་འགྲོ་གྲོན་ནི། སྤྱི་ཚོགས་ཀྱི་གནས་སྐབས་རང་བཞིན་གྱི་རོགས་སྐྱོབ་མ་དངུལ་ནང་ནས་གཏོང་རྒྱུ་བཅས་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060