སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སེམས་ཀྱི་ཉི་ཟླ་རྫོང་དུ་བསྡུ་འགོ་བརྩམས་པ།
སྤེལ་དུས། 2013-08-16   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་རྒྱ་མཚོས་བསྒྱུར། སྐྱ་རེངས་ཀྱིས་བསྒྲིགས།

      ༢༠༡༣ལོའི་ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྤྱི་ཟླ༨པའི་ཚེས༡༥ཉིན་ནས་ཚེས༡༧བར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་བསྡུ་རྒྱུ་རེད།
     
ཤེས་གསལ་བྱུང་བ་ལྟར་ན།  ཡུན་ནན་ཞིང་ཆེན་གྱི་ཁོན་མིན་དང་ལིས་ཅང་།  ལིན་ཚང་།  ཏཱ་ལིས།  ཏའེ་ཧོན།  པའོ་ཧྲན་བཅས་གྲོང་ཁྱེར་དང་། ཡུན་ནན་མི་རིགས་སློབ་གྲྭ་ཆེན་མོ་དང་ཞི་ཧྲོང་པན་ན་དང་།  ནུའུ་ཅང་།  ཧོང་ཧི།  ཁྲའུ་ཞོན།  ཡུས་ཞི།  ཝུན་ཧྲན།  བདེ་ཆེན་སོགས་ཁུལ་གྱི་འཐུས་ཚབ་ཚོགས་པ༡༧ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སྟེང་ཞུགས་རྒྱུ་རེད།  འགྲན་ཚོགས་ལས་འཕྲུལ་གཞུ་འཕེན་པ་དང་མི་རིགས་ལུས་སྦྱོང་སོགས་ལུས་རྩལ་འགྲན་བསྡུར་རྣམ་གྲངས་བཀོད་སྒྲིག་བྱས་ཡོད།  འགྲན་བསྡུར་བྱེད་ས་སོ་སོ་བདེ་ཆེན་ཁུལ་མི་རིགས་ལུས་རྩལ་ལྟེ་གནས་ཀྱི་ཕྱོགས་བསྡུས་ཁང་དང་ཝང་ཆིའུ་སྤོ་ལོ་ཁང་།  བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་།  སེམས་ཀྱི་ཉི་ཟླ་རྫོང་ལུས་རྩལ་ཁང་བཅས་ནས་བཙུགས་ཡོད་པ་དང་།  མིག་སྔར།  འཐུས་ཚབ་ཚོགས་པ་སོ་སོ་སེམས་ཀྱི་ཉི་ཟླ་རྫོང་དུ་ཐོན་ཡོད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060