སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དཀར་མཛེས་ཁུལ་གྱིས་གློག་ཤུགས་མཁའ་ལམ་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།
སྤེལ་དུས། 2013-08-20   ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།   རྩོམ་སྒྲིག་པ།  སྒྲོལ་མ་ཚེ་མཚོས་བསྒྱུར། སྐྱ་རེངས་ཀྱིས་བསྒྲིགས།

      ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གློག་ཤུགས་མཁའ་ལམ་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་དར་མདོ་རུ་འཚོགས།ཚོགས་འདུའི་ཐོག་གློག་ཤུགས་མཁའ་ལམ་ལས་གྲྭ་འཛུགས་སྐྲུན་ལས་ཀ་ཁག་ལ་བཀོད་སྒྲིག་བྱས། ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཁག་ལ་གོ་སྐབས་དམ་འཛིན་བྱེད་པ་དང་། བདེན་འཚོལ་དངོས་སྒྲུབ། སྐུལ་འདེད་ཧུར་ཐག་བཏང་ནས་གློག་ཤུགས་མཁའ་ལམ་ལས་གྲྭ་འཛུགས་སྐྲུན་ལས་འགན་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     
ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བ།རྒྱལ་ཁབ་གློག་དྲ་སི་ཁྲོན་ཞིང་ཆེན་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་སུའུ་ཞང་སོགས་ཚོགས་འདུའི་ནང་ཞུགས་ཡོད། ཚོགས་འདུ་དེ་ཡེ་ཤེས་ཟླ་བས་གཙོ་འགན་བཞེས་པ་རེད།
     
ཧུའུ་ཁྲང་ཧྲེང་གིས་གློག་ཤུགས་མཁའ་ལམ་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་སྐབས། ངེས་པར་དུ་གཅིག་གྱུར་འཆར་འགོད་མཐུན་སྦྱོར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། གཅིག་ནི་འཆར་འགོད་དོན་འཁྱོལ་བྱས་ནས་གློག་དྲ་འཛུགས་སྐྲུན་དང་གྲོང་ཁྱེར་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གཉིས་ནི་གཅིག་གྱུར་འཆར་འགོད་བྱ་རྒྱུར་མཐོང་ཆེན་བྱས་ནས་གློག་དྲ་འཛུགས་སྐྲུན་དང་ཞིང་སྡེའི་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གསུམ་ནི་གསར་སྐྲུན་བྱ་རྒྱུར་བརྟེན་ནས་གློག་དྲ་འཛུགས་སྐྲུན་དང་ཚན་རྩལ་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། བཞི་ནི་དཀར་མཛེས་ཁུལ་ནས་ཕྱིར་འདྲེན་ཐུབ་པ་བྱས་ནས་གློག་དྲ་འཛུགས་སྐྲུན་དང་ཚོང་ར་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
     
ཧུའུ་ཁྲང་ཧྲེང་གིས་ནན་གསུང་གནང་རྒྱུར། གློག་ཤུགས་མཁའ་ལམ་ལས་གྲྭ་འཛུགས་སྐྲུན་བྱེད་སྐབས་ངེས་པར་དུ་སེམས་ཤུགས་དང་བརྩེ་སེམས་སྤྱོད་དགོས། ཁོང་གིས་གསུངས་དོན། གློག་དྲ་འཛུགས་སྐྲུན་ལས་ཀ་དེ་ཁྱབ་རྒྱ་ཆེ་ཞིང་། ལས་ཀའི་ལས་འགན་ལྗིད་པ།མི་ཞུགས་ཚད་མང་བས། ངེས་པར་དུ་ཚང་མའི་སྤྲོ་སེམས་སྐུལ་སློང་བྱེད་དགོས་པ་དང་། ཕྱོགས་གང་ཐད་ཀྱི་སྟོབས་ཤུགས་གོང་འགྲིལ་ཡོང་བ་བྱས་ནས་གློག་དྲ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འདོན་ཐུབ་པ་བྱེད་དགོས། གཅིག་ནི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་དོན་འཁྱོལ་བྱེད་དགོས། གཉིས་ནི་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞབས་འདེགས་ཡག་པོ་ཞུ་དགོས། གསུམ་ནི་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས། བཞི་ནི་ཁོར་ཡུག་བཟང་སྒྲུག་བྱས་ནས་བཅའ་ཁྲིམས་ལྟར་སྐུལ་སྤེལ་གཏོང་དགོས། བཅའ་ཁྲིམས་ལྟར་གློག་ཤུགས་མཁའ་ལམ་ལས་གྲྭ་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་གློག་ཤུགས་མཁའ་ལམ་ལས་གྲྭ་འཛུགས་སྐྲུན་བྱེད་པར་གཏོར་བཤིག་གཏོང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་མཐའ་དག་ལ་རྡུང་རྡེག་ནན་པོ་གཏོང་དགོས།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060