སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བདེ་ཆེན་ཁུལ་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང༤༠༣༠འཛུགས་སྐྲུན་བྱས་པ།
སྤེལ་དུས། 2013-08-20   ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།   རྩོམ་སྒྲིག་པ།  སྐྱ་རེངས་ཀྱིས་བསྒྲིགས།

      ད་ལོའི་ལོ་སྟོད་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་༤༠༣༠སྐྲུན་པ་དང་། དེའི་ནང་གླ་ཁེའི་སྡོད་ཁང༢༤༧༠དང་སྤྱི་པའི་བོགས་གཏོང་སྡོད་ཁང༡༤༦༠གྲོང་ཁྱེར་གྱི་སྤྱིལ་ཁྱིམ་ཆུས་ཀྱི་ལེགས་བཅོས་སྡོད་ཁང་༡༠༠ཡོད་ཅིང་། མ་དངུལ་སྒོར་ཁྲི་༡༡༦༤༡བཏང་བ་རེད།
     
ཤེས་གསལ་བྱུང་དོན། ད་ལོར་བདེ་ཆེན་ཁུལ་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་དང་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་། སྤྱིལ་ཁྱིམ་ཆུས་ཀྱི་ལེགས་བཅོས་སྡོད་ཁང་༦༩༣༠སྐྲུན་པའི་ལས་འགན་གྱི་ཆིངས་ཡིག་འཇོག་པ། དེའི་ནང་གླ་ཁེའི་སྡོད་ཁང་༢༤༧༠དང་། སྤྱི་པའི་བོགས་གཏོང་སྡོད་ཁང་༡༤༦༠གྲོང་ཁྱེར་གྱི་སྤྱིལ་ཁྱིམ་ཆུས་ཀྱི་ལེགས་བཅོས་སྡོད་ཁང་༣༠༠༠ཡོད་ལ། མིག་སྔར། གཞི་རྩར་སྡོད་ཁང་༣༥༠༠སྐྲུན་ཚར་བ་རེད།
     
བདེ་ཆེན་ཁུལ་གྱིས་རྩ་འཛུགས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། ནན་ཏན་གྱིས་སྲིད་ཇུས་ཁག་དོན་འཁྱོལ་བྱས་པ་དང་ལས་གྲྭའི་སྤུས་ཚད་དམ་འཛིན་བྱས་པ། རྣམ་གྲངས་ལྟ་སྐུལ་དང་རྣམ་གྲངས་མ་དངུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། རྣམ་གྲངས་སྐུལ་འདེད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། འགན་སྲུང་རང་བཞིན་གྱི་སྡོད་ཁང་སྤུས་ཚད་ལེགས་པའི་དམངས་སེམས་སྡོད་ཁང་སྐྲུན་པར་འབད་བརྩོན་བྱས་ཡོད། རྫོང་སོ་སོས་བླང་བྱ་ལྟར་འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་བདག་སྤྲོད་ཞབས་འདེགས་སྒེའུ་ཁུང་དང་ལས་བྱེད་མི་སྣ་བཀོད་སྒྲིག་བྱས་ནས། མིང་ཐོ་འགོད་པ་དང་། རེ་འདུན་ཞུ་བ། ཐོ་འགོད་པ་སོགས་ཀྱི་ལས་ཀ་བསྒྲུབས་པ། འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་འཛུགས་སྐྲུན་གནས་ཡུལ་དང་། སུས་འཇོན་དེ་འགུག་དང་སུ་འཇོན་དེ་ལེན་གྱི་གནས་ཚུལ། རྒྱ་ཁྱོན། སྡོད་ཁང་གི་གྲངས་ཚད་སོགས་ཀྱི་ཆ་འཕྲིན་སྨྱན་སྤྱད་དང་སྲིད་གཞུང་གི་ཆ་འཕྲིན་དྲ་ཚུགས་ཀྱི་ཐོག་ལ་ཡོངས་བསྒྲགས་བཏང་ཡོད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060