སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྔ་བ་ཁུལ་གྱིས་དགོན་སྡེའི་དཔེ་ཁང་ལ་པར་སྐྲུན་དཔེ་དེབ་ཁྲི༢༢སྒྲིག་སྦྱོར་བྱས་པ།
སྤེལ་དུས། 2013-08-20   ཡོང་ཁུངས། རྔ་བ་ཁུལ་སྲིད་གཞུང་ཆ།   རྩོམ་སྒྲིག་པ།  ཕག་གྲུབ་ཀྱིས་བསྒྱུར། སྐྱ་རེངས་ཀྱིས་བསྒྲིགས།

      སི་ཁྲོན་ཞིང་ཆེན་དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་གསར་འགྱུར་པར་སྐྲུན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་པས་མཉམ་དུ་ཧུར་བརྩོན་བྱས་འོག དགོན་སྡེའི་དཔེ་ཁང་གི་པར་སྐྲུན་དཔེ་དེབ་ཀྱི་དཀར་ཆག་ཐོག་མའི་གཅེས་བཏུས་དང་ཞིབ་བཤེར་གཏན་འབེབས། ཉོ་སྒྲུབ་སོགས་བྱ་བའི་གོ་རིམ་བརྒྱུད། ཉེ་ཆར། དགོན་སྡེའི་དཔེ་ཁང་གི་པར་སྐྲུན་དཔེ་དེབ་ཁྲི༢༢ལྷག་རྔ་བ་ཁུལ་གྱི་རྫོང་སོ་སོར་སྒྲིག་སྦྱོར་བྱས།
     
རྔ་བ་ཁུལ་དགོན་སྡེའི་དཔེ་ཁང་འཛུགས་སྐྲུན་ནི་སི་ཁྲོན་ཞིང་ཆེན་གསར་འགྱུར་པར་སྐྲུན་ཅུའུ་ཡིས་གཅིག་གྱུར་བཀོད་སྒྲིག་ལྟར། ༢༠༡༢ལོར་འགོ་ཚུགས་ཤིང་དགོན་སྡེ6གི་དཔེ་ཁང་འཛུགས་སྐྲུན་བྱས་པ་དང༢༠༡༣ལོར་འཛུགས་སྐྲུན་ལས་འགན་ནི༢༤༧ཡིན་པ་ཡིན།
     
ད་ལོར་སྒྲིག་སྦྱོར་བྱས་པའི་དགོན་སྡེའི་དཔེ་ཁང་གི་པར་སྐྲུན་དཔེ་དེབ་ནི་གཙོ་བོ་བོད་ཡིག་དང་རྒྱ་སྐད་བོད་སྐད་གཉིས། དེ་མིན་རྒྱ་ཡིག་གི་དཔེ་ཆ་ཁ་ཤས་བཅས་ཡིན་ལ། ནང་དོན་ཐད་ནས་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྒྲིག་སྲོལ། ཆོས་ལུགས། ལོ་རྒྱུས་རིག་གནས། རྩོམ་རིག་སྒྱུ་རྩལ། ཚན་རིག་ལག་རྩལ། གསོ་རིག་སོགས་ཕྱོགས་གང་མང་འདུས།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060