སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གོའི་གཞོན་ནུ་གདོང་ལེན་རུ་ཁག་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་དར་མདོ་རུ་འཚོགས།
སྤེལ་དུས། 2013-10-18   ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།   རྩོམ་སྒྲིག་པ།  སྐྱ་རེངས་ཀྱིས་བསྒྲིགས།

       ཟླ་བ༡༠པའི་ཚེས༡༢ཉིན་ནས་ཚེས༡༤ཉིན་གྱི་བར་ཀྲུང་གོའི་གཞོན་ནུ་གདོང་ལེན་རུ་ཁག་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་དེ་དར་མདོ་རུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཧུའུ་ཁྲང་ཧྲེང་དང་ཡེ་ཤེས་ཟླ་བ་རྣམ་གཉིས་ཀྱིས་༼ཁུལ་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ལ་འབུལ་བའི་འཕྲིན་ཡིག་༽དང་ཞིང་ཆེན་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་སྒྲུབ་ཨུ་ལྷན་གྱིས་གཏོང་བའི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱང་བྱས་པ་རེད།
     
ལིའུ་ཕིང་ཚོགས་ཆེན་ནང་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
     
ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་དེ་ཚེས༡༣ཉིན་གྱི་སྔ་དྲོར་དར་མདོའི་ཟློས་གར་ཁང་དུ་འཚོགས་འགོ་ཚུགས་པ་རེད། ཚོགས་འདུའི་ཐོག་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བ་རྣམ་གཉིས་ཀྱིས༼ཁུལ་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་ལ་ཕུལ་བའི་འཕྲིན་ཡིག་༽ནང་གསུངས་རྒྱུར། ཁུལ་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོར་ཏང་གི་སློབ་སྟོན་སེམས་ནང་བརྟན་པོར་ངེས་དགོས་པ་དང་། སློབ་སྦྱོང་ལ་འབད་བརྩོན་བྱེད་པ། འཚོ་བ་སྐྱིད་པོ་རོལ་བ། སློབ་གྲྭའི་ནང་སློབ་མ་ཡག་པོ་བྱེད་པ། ཁྱིམ་ནང་དུ་བུ་རྒྱུད་ཡག་པོ་བྱེད་པ། སྤྱི་ཚོགས་སུ་ལོ་ཆུང་གདོང་ལེན་རུ་མི་ཡག་པོ་བྱེད་པ། ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱི་དཔེ་བཟང་ཡག་པོ་བྱས་ནས་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་དང་མཐུན་པའི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་ཏུ་འགྱུར་གང་ཐུབ་བྱེད་དགོས། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོས་རྒྱང་རིང་གི་ཕུགས་བསམ་ཡོད་པ་དང་། ཕུལ་དུ་བྱུང་བའི་གཤིས་རྒྱུད་བཟང་པོ་ཞིག་ཆགས་གང་ཐུབ་བྱས་ནས་ཤེས་བྱ་ཕུན་སུམ་ཚོགས་པོ་ཤེས་པ་བྱེད་པ། ནུས་རྩལ་བྱང་ཆུད་པ་གསོ་སྐྱོང་བྱེད་པ། ལུས་པོར་སྦྱོང་བརྡར་བྱས་ནས་འབྱུང་འགྱུར་ཕ་ཡུལ་འཛུགས་སྐྲུན་དང་། མེས་རྒྱལ་ལ་དྲིན་ལན་མཇལ་རྒྱུ་གྲ་སྒྲིག་ལེགས་པོ་བྱེད་དགོས།
     
ལིའུ་ཕིང་གིས་ནན་གསུངས་རྒྱུར། ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་ཀའི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ནས་ལོ་ཆུང་བྱིས་པའི་གཙོ་གནད་ཐོབ་ཐང་ལ་བརྩི་འཇོག་ཏན་ཏིག་བྱས་ནས་ལོ་ཆུང་བྱིས་པ་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་རྐང་པ་འཛུགས་གང་ཐུབ་བྱས་ནས་རྒྱུན་ཆད་མེད་པར་རང་ཁུལ་གྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་ཀའི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། གཞན་གྱིས་སྔོན་དུ་དཔེ་སྟོན་དང་གསར་སྐྲུན་བྱེད་ཕོད་པ་དང་། ཧུར་ཐག་གིས་རང་ཁུལ་གྱི་ལོ་ཆུང་བྱིས་པའི་སློབ་གསོ་དང་མཐུན་པའི་བྱེད་ཐབས་གསར་པ་དང་ཐབས་ལམ་གསར་པར་འཚོལ་ཞིབ་བྱེད་པ། ལས་ཀའི་ནང་རྐྱེན་གསར་སྐྲུན་བྱེད་པ། ལས་ཀའི་ཁྱབ་ཁོངས་རྒྱ་སྐྱེད་བཏང་ནས་སྔར་ལྷག་གིས་རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོར་མཐུན་སྒྲིལ་ཡག་པོ་བྱེད་པ་དང་། སློབ་གསོ་ཡག་པོ་བྱེད་པ། ཞབས་འདེགས་ཡག་པོ་བཅས་ཞུ་དགོས། བརྩེ་སེམས་དང་སེམས་ཤུགས་སྒྲིམ་པ། མུ་མཐུད་ནས་བྱ་གཞག་ལ་བློ་དཀར་སེམས་དཀར་དང་། ཡོད་ཚད་འབུལ་བ། ཡར་ཐོན་བརྩོན་ལེན་བྱེད་ཕོད་པའི་སྙིང་སྟོབས་དར་སྤེལ་གཏོང་བ། རང་ཉིད་ཀྱི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་བྱེད་སྒོའི་ཆུ་ཚད་མཐོ་རུ་བཏང་ནས་དཀར་མཛེས་ཁུལ་གྱི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་དེ་བས་དབྱར་མཚོ་རྒྱས་པ་ལྟར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060