སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱིས་བོད་ཀྱི་ཁ་སྐད་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
སྤེལ་དུས། 2013-10-25   ཡོང་ཁུངས། མཚོ་སྔོན་པོ་དྲ་བ།   རྩོམ་སྒྲིག་པ།  སྐྱ་རེངས་ཀྱིས་བསྒྲིགས།

      སྔར་ལས་ལྷག་པར་གཞི་རིམ་ལས་སྒྲུབ་མི་སྣས་བོད་སྐད་སྤྱད་དེ་བོད་རིགས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་ཤུགས་མཐོར་འདེགས་སུ་གཏོང་བར། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱིས་དུས་ཡུན་ཟླ་གཅིག་གི་བོད་ཀྱི་ཁ་སྐད་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་དེ་ཁུལ་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས་ཤིང་། ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོ། ཁུལ་གཏོགས་ལས་ཁུངས་བཅས་ཀྱི་ལས་སྒྲུབ་མི་སྣ༤༠བཅས་གསོ་སྦྱོང་ལ་ཞུགས་པ་རེད།
     
ཐེངས་འདིའི་གསོ་སྦྱོང་བྱ་ཡུལ་ནི་ལོ༤༠མན་གྱི་བོད་ཡིག་ཆུ་ཚད་ཞན་པའམ་བོད་སྐད་མི་ཤེས་པའི་ལས་སྒྲུབ་མི་སྣ་དང་། ཁུལ་ཡོངས་ལས་ཁུངས་གཙོ་ཤོས་དང་ཞབས་ཞུ་ལས་རིགས་ཀྱི་དུས་རྒྱུན་བྱ་བ་དང་བོད་རིགས་མང་ཚོགས་ལ་འབྲེལ་བ་དམ་ཟབ་ཡོད་པའི་ལས་རིགས་གཙོ་ཤོས། དེ་མིན་བོད་སྐད་ཡིག་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པའི་ལས་སྒྲུབ་མི་སྣ་བཅས་གཙོར་བཟུང་བ་ཡིན།
     
གསོ་སྦྱོང་གི་ནང་དོན་ནི་བོད་ཀྱི་ཁ་སྐད་གཙོར་བཟུང་བ་དང་། གསོ་སྦྱོང་གི་རྣམ་པ་ནི་སྲོལ་རྒྱུན་གྱི་འཆད་ཁྲིད་བྱེད་ཐབས་ལས་གཞན་ད་དུང་། སྨྱན་གཟུགས་ཀྱི་སློབ་ཁྲིད་དང་། རུ་བགོས་ཏེ་བགྲོ་གླེང་བྱེད་པ། གཅིག་ལ་གཅིག་གཏད་སྒོས་ཁ་སྐད་སྦྱོང་བ། དངོས་སྣང་ཚོད་ལྟའི་ཁ་བརྡ། དུས་སྐབས་རང་བཞིན་གྱི་རྒྱུགས་ལེན། བོད་པའི་ཁྱིམ་ཚང་དུ་བསྐྱོད་དེ་ཡུལ་དངོས་སྦྱོང་བརྡར་གྱི་ཁ་བརྡ་སོགས་རྣམ་པ་མང་པོ་སྤྱད་དེ་གསོ་སྦྱོང་འདི་དངོས་གནས་སྤྱོད་འཐུས་ལྡན་པ་དང་། མགྱོགས་མྱུར་དང་ཕན་ལྡན་གྱི་སྒོ་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་ནུས་པར་བྱས།
     
ཕྱོགས་ཡོངས་ནས་བོད་ཀྱི་ཁ་སྐད་སློབ་ཁྲིད་བྱེད་པའི་དུས་མཚུངས་སུ། སློབ་ཁྲིད་ཀྱི་འཆར་འགོད་ཁྲོད་ད་དུངཏང་གི་མི་རིགས་ཆོས་ལུགས་གཞུང་ལུགས་དང་སྲིད་ཇུསདོན་དངོས་ཐོག་བོད་ཁུལ་སྤྱི་ཚོགས་འཆམ་མཐུན་དང་གཏན་འཇགས་སྲུང་བཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཕྲོད་བསྟུན་ལ་སྐུལ་ཁྲིདསོགས་ཆེད་དོན་འཆད་ཁྲིད་ཀྱང་བཀོད་སྒྲིག་བྱས་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060