སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི༥༠༠༠བཏང་སྟེ་ས་བབ་མཐོ་བའི་སློབ་གྲྭ༦༤ལ་ཁྲུས་ཁང་བསྐྲུན་རྒྱུ་རེད།
སྤེལ་དུས། 2013-10-25   ཡོང་ཁུངས། ཞིན་ཧྭ་དྲ་བ།   རྩོམ་སྒྲིག་པ།  སྐྱ་རེངས་ཀྱིས་བསྒྲིགས།

      ད་ལོའི་ལོ་སྟོད་དུ་དམངས་འཚོའི་ཁ་གསབ་རྣམ་གྲངས༡༢ཇེ་མཐོར་བཏང་བ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་ཡང་བསྐྱར་ས་བབ་མཐོ་བ་དང་། མཐའ་མཚམས་ས་ཁུལ་གྱི་སློབ་ཆུང་དང་སློབ་འབྲིང་ལ་ཁྲུས་ཁང་བསྐྲུན་རྒྱུ་ཡིན་པ་སོགས་ཀྱི་དམངས་ཕན་བྱེད་ཐབས༦འགྲེམ་སྤེལ་བྱས་ཤིང་། ཁྲུས་ཁང་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ལས་སློབ་མ་ཁྲི༤.༥ལ་ཁེ་ཕེན་ཐོབ་ངེས།
     
གསར་འགོད་པས་བོད་ལྗོངས་སློབ་གསོ་ཐིན་འཕེལ་རྒྱས་འཆར་འགོད་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི༥༠༠༠བཏང་ཚར་ལ། མ་དངུལ་དེ་དག་ས་ཁུལ་བདུན་དང་གྲོང་ཁྱེར་གཅིག་གི་ས་བབ་མཐོ་བ་དང་། མཐའ་མཚམས་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ལ་ཁྲུས་ཁང་འཛུགས་སྐྲུན་བྱེད་རྒྱུའི་ཐད་བེད་སྤྱོད་བྱ་རྒྱུ་ཡིན་པས། དེའི་ནང་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ༩དང་། རྫོང་དྲུག་ས་ཁུལ་གཅིག་ལ་ཁྱབ། ནག་ཆུ་ས་ཁུལ་དང་འབྲེལ་བའི་སློབ་གྲྭ༩ཡོད་པ་རེད།
     
བོད་ལྗོངས་སློབ་གསོ་ཐིན་འཕེལ་རྒྱས་འཆར་འགོད་ཁང་གི་འགན་འཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། བོད་ལྗོངས་སློབ་གསོ་ཐིན་གྱིས༢༠༡༢ལོ་ནས་བཟུང་ས་བབ་མཐོ་བ་དང་། མཐའ་མཚམས་ས་ཁུལ་གྱི་སློབ་ཆུང་དང་སློབ་འབྲིང་ལ་ཁྲུས་ཁང་བསྐྲུན་རྒྱུ་ཚོད་ལྟ་བྱས་པ་སྟེ། ༢༠༡༢ལོར་བོད་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི༤༢༠༡བཏང་སྟེ་ས་བབ་མཐོ་བ་དང་། མཐའ་མཚམས་ས་ཁུལ་གྱི་སློབ་ཆུང་དང་སློབ་འབྲིང་ལ་ཁྲུས་ཁང༤༥བསྐྲུན་ཞིང་གྲུབ་འབྲས་ཡག་པོ་ཐོབ། ༢༠༡༣ལོར་བསྐྲུན་རྒྱུ་ཡིན་པའི་ཁྲུས་ཁང༦༤ཚོད་དཔག་བྱས་པ་ལྟར་ན་ད་ལོའི་ནང་ལས་འགོ་ཚུགས་རྒྱུ་ཡིན་པ་དང་། ས་གནས་སོ་སོའི་གནམ་ཟླའི་གནས་ཚུལ་དང་ལས་ཀའི་དུས་ཡུན་མི་འདྲ་བའི་དབང་གིས་ས་གནས་སོ་སོའི་རྣམ་གྲངས་ཀྱི་འཕེལ་རིམ་ཡང་མི་འདྲ། སྤྱིའི་ཕྱོགས་ནས་བཤད་ན། ཁྲུས་ཁང་ཡོད་ཚད་ཕྱི་ལོའི་སློབ་འགོ་ཚུགས་པའི་སྔོན་དུ་བེད་སྤྱོད་བྱེད་ཐུབ་ངེས་ཟེར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060