མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གོ་སྐབས་འཕར་སྣོན་བྱུང་པ་དང་ཟླ་ཕོགས་ཚད་གཞི་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་སོགས་ཀྱི་དབང་གིས་ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་སྡོད་དམངས་ཀྱི་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་ཐོག་མཐའ་བར་གསུམ་དུ་མགྱོགས་མྱུར་ངང་འཕར་སྣོན་བྱུང། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་ཞིང་ཆེན་རྟོག་ཞིབ་སྤྱིའི་རུ་ཁག་གིས་ཉེ་ལམ་ཁྱབ་བསྒྲགས་བྱས་པའི་ཞིང་ཆེན་ཡོངས་ཀྱི་ཞིང་བ་ལས་བཟོ་བར་ལྟ་རྟོག་ཚད་ལེན་བྱས་པ་ལྟར་ན། ད་ལོའི་དུས་ཚིགས་གསུམ་གྱི་རིང་ལ་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་ངལ་རྩོལ་པ་ཕྱི་རུ་སོང་ནས་ངལ་རྩོལ་བྱེད་པ་དེས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ངལ་རྩོལ་ལས་ཞུགས་ཀྱི་བརྒྱ་ཆའི་སོ་བཞི་དང་གྲངས་ཆུང་བཞི་ཟིན་པ་དང་། དེ་སྔོན་ལོ་དང་བསྡུར་ན་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་གཅིག་གིས་འཕར། ཕྱི་རུ་སོང་ནས་ངལ་རྩོལ་བྱེད་པའི་ཟླ་ཕོགས་ཀྱི་ཆུ་ཚད་སྒོར་སྟོང་གཉིས་དང་བརྒྱད་བརྒྱ་གོ་གཅིག་ལ་བསླེབས་པ་དེ་སྔོན་ལོ་ལས་བརྒྱ་ཆའི་ཉེར་དགུ་དང་གྲངས་ཆུང་བདུན་འཕར།