སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཚོ་འགག་ངོགས་གཉིས་རང་བྱུང་སྲུང་སྐྱོང་ཁུལ་དཔྱད་ཞིབ་ཚན་ཆུང་བདེ་ཆེན་ཁུལ་དུ་ལྟ་ཞིབ་ཕེབས་པ།
སྤེལ་དུས། 2013-10-31   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་སྒྲིག་པ།  སྐྱ་རེངས་ཀྱིས་བསྒྲིགས།

      ཉེ་ལམ། ཐེ་ཝན་རྒྱལ་ཁབ་སྤྱི་གླིང་སློབ་ཚོགས་དང་། རྒྱལ་ཁབ་ནགས་ལས་ཅུའུ།  རྒྱལ་ཁབ་ནགས་ལས་ཅུའུ་ཁོན་མིན་རྩད་ཞིབ་ཇུས་འགོད་གླིང་།  ཡུན་ནན་ཞིང་ཆེན་ནགས་ལས་ཐིན་བཅས་ཀྱིས་རྩ་འཛུགས་བྱས་པའི་སྐབས༡༩བའི་མཚོ་འགག་ངོགས་གཉིས་རང་བྱུང་སྲུང་སྐྱོང་ཁུལ་ལས་ཀའི་བརྗེ་རེས་དཔྱད་ཞིབ་ཚན་ཆུང་བདེ་ཆེན་ཁུལ་དུ་ཕེབས་པ་དང་རང་བྱུང་སྲུང་སྐྱོང་ཁུལ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་དང་ལས་ཀ་ཕྱོགས་ནས་བསམ་བློ་བརྗེ་རེས་བྱས།
     
དཔྱད་ཞིབ་ཚན་ཆུང་གིས་ས་དེའི་གཞི་རིམ་ལས་བྱེད་པས་མཚམས་སྦྱོར་ལ་ཉན་པ་དང་། གཞིས་ཁུལ་སྡོད་དམངས་དང་ཁ་བརྡ་བྱེད་པ་སོགས་བྱེད་ཐབས་ལ་བརྟེན་ནས།  སྔ་གཞུག་ཏུ་པོ་ཏ་མཚོ་མོ་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་ཐང་གྲོང་རྡལ་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། དྲིལ་བསྒྲགས་བརྙན་ཕབམཛེས་སྡུག་ལྡན་པའི་ཤར་དཀར་གངས་རིཞེས་པ་གཟིགས་ཞིབ་གནང་།
     
ཐེ་ཝན་རྒྱལ་ཁབ་སྤྱི་གླིང་སློབ་ཚོགས་ཀྱི་འཐུས་མིས་བདེ་ཆེན་ཁུལ་གྱི་རང་བྱུང་སྲུང་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གདེང་འཇོག་ཚད་ཆེན་པོ་གནང་བ་མ་ཟད།  ཐེ་ཝན་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཉམས་མྱོང་མཚམས་སྦྱོར་བྱས། ཚོགས་ཞུགས་མི་སྣས་བཤད་རྒྱུར། རང་བྱུང་སྲུང་སྐྱོང་ལས་དོན་ནི་རྩ་འཛུགས་ཤིག་དང་ས་ཁུལ་གཅིག  རྒྱལ་ཁབ་གཅིག་གི་དོན་དག་མིན་ལ།  དེ་ནི་འཛམ་གླིང་ཡོངས་ཀྱི་སྤྱི་ཕན་བྱ་གཞག་ཡིན་པས།  མིའི་རིགས་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་དང་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་སྤྲོ་སེམས་སྐྱེས་སུ་འཇུག་དགོས།  རྗེས་ཕྱོགས་འདི་འདྲིའི་དཔྱད་ཞིབ་ཚོགས་འདུ་མང་པོ་སྤེལ་ནས།  རྒྱུན་ཆད་མེད་པར་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པའི་བླང་བྱ་བཏོན།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060