སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཆུ་བེད་བཟོ་གྲྭའི་འཛུགས་སྐྲུན་གྱི་ལས་ཡུལ་དངོས་ཀྱི་ཚོགས་འདུ་བདེ་ཆེན་ཁུལ་དུ་བསྡུས་པ།
སྤེལ་དུས། 2014-06-03   ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

     ཡུན་ནན་ཞིང་ཆེན་ཡོངས་ཀྱི་ཆུ་བེད་བཟོ་གྲྭའི་འཛུགས་སྐྲུན་གྱི་ལས་ཡུལ་དངོས་ཀྱི་ཚོགས་འདུ་རང་ཁུལ་དུ་བསྡུས་པ་རེད། ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་ཆུ་བེད་སྡེ་ཁག་གིས་རྒྱུན་འཁྱོངས་བཞི་བསྒྲུབས་པ་དང་ཕྱོགས་དྲུག་གི་ཐད་ནས་ལས་ཀར་དམ་པོར་འཛིན་པ། དམིགས་ཡུལ་གཉིས་མངོན་འགྱུར་བྱུང་བར་འགན་ལེན་ཏན་ཏིག་བྱེད་པ་དང་། ཤུགས་ཡོངས་བཏོན་ནས་ཆུ་བེད་འཛུགས་སྐྲུན་དང་དོ་དམ་ཆུ་ཚད་མཐོར་འདེགས་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཆུ་བེད་ལས་དོན་མུ་མཐུད་དུ་བདེ་ཐང་ངང་འཕེལ་རྒྱས་བྱུང་བར་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན།
    
ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་ཁྲེན་ཅན་གྱིས་ཚོགས་འདུར་ཞུགས་པ་དང་གསུངས་བཤད་གནང་བ།
    
ཁྲིན་ཅན་གྱིས༢༠༡༤ལོ་ནི་རང་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་གཏིང་ཟབ་ཀྱིས་ཆུ་བེད་བཅོས་བསྒྱུར་བྱེད་པའི་ལོ་དང་པོ་ཡིན་ལ། ལོ་ལྔ་ཚན་བཅུ་གཉིས་པའིཆུ་བེད་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱེད་པའི་གལ་འགངས་ཆེ་བའི་ལོ་ཡང་ཡིན། རིམ་པ་སོ་སོའི་ཆུ་བེད་སྡེ་ཁག་གིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཟླ༡པོ་ནས་ཟླ༤པའི་བར་ཞིང་ཆེན་ཡོངས་ཀྱིས་ཆུ་བེད་འཛུགས་སྐྲུན་གྱི་མ་འཇོག་སྒོར་དུང་ཕྱུར༡༠༤.༡ལེགས་འགྲུབ་བྱུང་བ་དང་། ལོ་ཡོངས་འོས་འགན་དམིགས་འབེན་གྱི༣༤.༧%ཟིན་པ་དང་དུས་ཚོད་ཡང་དུས་མཚུངས་ལས་མགྱོགས་པ་རེད། ཞིང་ཆེན་ཡོངས་ཀྱི་ཆུ་བེད་བཟོ་གྲྭའི་འཛུགས་སྐྲུན་འགོ་བརྩམས་ཚུལ་ལེགས་ལ། ལས་སྒྲུབ་བྱེད་པ་ཡང་བདེ་བླག་ཡིན་པས། ཕན་ནུས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བསྟན་པ་རེད།
    
ཁྲེན་ཅན་གྱིས་ད་ལོར་རིམ་པ་སོ་སོའི་ཆུ་བེད་སྡེ་ཁག་གིས་ཕྱོགས་དྲུག་གི་ཐད་ནས་ལས་ཀར་དམ་པོར་འཛིན་དགོས་ཏེ། གཅིག་ནི་ཆུ་བེད་རྣམ་གྲངས་ཀྱི་དུས་སྔོན་མའི་ལས་ཀ་སྒྲུབ་མགྱོགས་སུ་གཏོང་བ། གཉིས་ནི་ཐབས་བརྒྱ་ཇུས་སྟོང་གིས་ཆུ་བེད་འཛུགས་སྐྲུན་གྱི་མ་དངུལ་གྲབས་གསོག་དང་བཀོད་སྤྱོད་ལེགས་པོ་བྱེད་པ། གསུམ་ནི་ཆུ་བེད་བདེ་འཇགས་འཕེལ་རྒྱས་ཀྱི་འགན་སྲུང་སྒྲིག་གཞི་ཆ་ཚང་འཛུགས་པ། བཞི་ནི་ཤུགས་ཆེན་པོས་ཆུ་བེད་བཅོས་བསྒྱུར་གསར་འབྱེད་ལ་སྐུལ་འདེད་གཏོང་བ། ལྔ་ནི་ཆུ་བེད་འཛུགས་སྐྲུན་གྱི་ཁྲོམ་རའི་ཡིད་རྟོན་མ་ལག་ཆ་ཚང་དུ་གཏོང་བ། དྲུག་ནི་ཞིབ་བཤེར་སྐུལ་འདེད་ལ་ཤུགས་བསྣན་དགོས་པའི་བླང་བྱ་བཏོན་པ་རེད།
    
ཁྲེན་ཅན་གྱིས་ཆུ་བེད་བཟོ་གྲྭའི་འཛུགས་སྐྲུན་གྱི་ལས་འགན་དང་འོས་འགན་ཧ་ཅང་ལྗིད་པས། རིམ་པ་སོ་སོའི་ཆུ་བེད་སྡེ་ཁག་གིས་ངེས་པར་དུ་ཀྲུང་དབྱང་དང་ཞིང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་ལྟར། ནན་ཏན་གྱིས་ལས་ཀ་བསྒྲུབས་ནས་ཆུ་བེད་བཟོ་གྲྭའི་འཛུགས་སྐྲུན་གྱི་ལས་འགན་ལེགས་འགྲུབ་བྱུང་བར་འགན་ལེན་བྱེད་དགོས་པ་དང་། ཡུན་ནན་ཆུ་བེད་ལས་དོན་མུ་མཐུད་དུ་བདེ་ཐང་ངང་འཕེལ་རྒྱས་བྱུང་བར་བྱས་རྗེས་གསར་བ་འཇོག་དགོས་ཞེས་ནན་གྱིས་བསྟན།
    
ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ་ཧུའུ་ཁྲའོ་པི་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་དཔོན་གཞོན་པ་ནོར་བུ་གཡང་འཛོམས་ཀྱིས་ཤིས་ཚིག་འབུལ་བ། ཞིང་ཆེན་ཆུ་བེད་ཆུ་གློག་ཐིག་ལེན་ཇུས་འགོད་ཞིབ་འཇུག་གླིང་གི་གླིང་གཙོ་ཝང་ཅན་ཁྲུན་ཚོགས་འདུར་ཞུགས་པ་རེད།
    
ཚོགས་འདུའི་ཐོག་ད་དུང༢༠༡༤ལོའི་རྒྱལ་ཡོངས་ཆུ་བེད་འཆར་འགོད་ཚོགས་འདུ་དང་ཆུ་བེད་འཛུགས་སྐྲུན་དང་དོ་དམ་བཅོས་བསྒྱུར་ལས་ཀའི་བཞུགས་མོལ་ཚོགས་འདུ། ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས༣༨པའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཧུང་ཧོ་ཁུལ་ཆུ་བེད་ཅུས་དང་ཏ་ལིན་ཁུལ་ཆུ་བེད་ཅུས་སོགས་སྡེ་ཁག་གི་ཚོགས་ཞུགས་མི་སྣས་ལས་ཀའི་ཉམས་མྱོང་བརྗེ་རེས་བྱས་པ་རེད།
    
ཞིང་ཆེན་ཆུ་བེད་ཐིང་གི་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་རྡོ་ཐའི་ཀུང་སི་ཆུའི་ཐོན་ཁུངས་གཞུང་ལས་ཁང་། ཞིང་ཆེན་ཡོངས་ཀྱི་ཁུལ་གྲོང་ཁྱེར༡༦གི་ཆུ་བེད་ཅུས་དང་འཆར་འགོད་དང་འཛུགས་སྐྲུན་དོ་དམ་སྡེ་ཁག་གི་འགན་འཁུར་མི་སྣ་ཐེངས་འདིའི་ཚོགས་འདུར་ཞུགས་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060