སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཚོ་སྔོན་གྱིས་སྒོར་བྱེ་བ་ལྔ་ལྷག་བཏང་ནས་དབང་པོ་སྐྱོན་ཅན་བྱིས་པ་དྲག་སྐྱེས་ཡོང་རྒྱུར་སྐུལ་འདེད་བཏང་བ།
སྤེལ་དུས། 2014-06-03   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

     སྤྱི་ཚེས༡ཉིན། མཚོ་སྔོན་ཞིང་ཆེན་གྱི་བྱིས་པ་འོན་པའི་དྲག་སྐྱེས་ལྟེ་གནས་སུ། ལོ་གསུམ་ལ་སླེབས་པའི་ཧུའེ་རིགས་ཀྱི་གྲོགས་པོ་ཆུང་ཆུང་མ་ཞའོ་པིང་དང་ཐོས་ཤུགས་ཉམ་པའི་གྲོགས་པོ་ཆུང་ཆུང་གཞན༣༥དགེ་རྒན་དང་ཁྱིམ་བདག་གིས་རོགས་པ་བྱས་པའི་འོག དགའ་སྤྲོའི་ངང་རང་ཉིད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད་པ་རེད།
    
ལྟེ་གནས་དེར་དྲག་སྐྱེས་སྦྱོང་བརྡར་བྱེད་བཞིན་པའི་མ་ཞའོ་པིང་གི་ཨ་མ་ལགས་ཀྱིས་ངའི་བུ་ལོ་གསུམ་དང་ཕྱེད་ཀའི་གོང་དུ། སྒྲ་ཞེས་པ་དེ་ག་རེ་ཡིན་མིན་ཤེས་ཀྱི་མེད། ཁོང་གིས་ད་ལྟ་སྒྲར་ལན་ཆ་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་སྟབས་བདེའི་ཚིག་ཁ་ཤས་བརྗོད་ཤེས་ཀྱི་ཡོད། དེ་དག་ཚང་མ་དྲག་སྐྱེས་རྣམས་གྲངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
    
མ་ཞའོ་པིང་གི་ཨ་མ་ལགས་ཀྱིས་ཟེར་བའི་དྲག་སྐྱེས་རྣམ་གྲངས་དེ་ནི་མི་བཟོས་རྣ་འཁྱིལ་དྲག་སྐྱེས་རྣམ་གྲངས་ཞེས་པ་དེ་ཡིན་པ་དང་། ད་ལོའི་སྤྱི་ཟླ༣་པར། མ་ཞའོ་པིང་དང་དེ་མིན་གྱི་གྲོགས་པོ་ཆུང་ཆུང༦རོགས་སྐྱོབ་བྱེད་པའི་ཚད་གཞི་དང་མཐུན་པའི་ཐོན་ཤུགས་ཉམ་པའི་བྱིས་པ་ཡིན་པའི་ངོས་ནས། གཤགས་བཅོས་སྨན་བཅོས་དང་ལེན་བྱས་པ་མ་ཟད་ལྟེ་གནས་དེར་ཐོས་ཤུགས་དྲག་སྐྱེས་སྦྱོང་བརྡར་བྱས་ཡོད་པ་རེད།
    
གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཐོས་ཤུགས་ཉམས་པའི་བྱིས་པར་དམིགས་པའི་དྲག་སྐྱེས་རྣམ་གྲངས་ཕུད། མཚོ་སྔོན་གྱི་དབང་པོ་སྐྱོན་ཅན་བྱིས་པའི་དྲག་སྐྱེས་ལས་དོན་དེ་དེ་སྔའི་བྱིས་པ་འོན་པའི་ཐོས་ཤུགས་སྦྱོང་བརྡར་དང་བྱིས་པའི་རྩ་སྦྲིད་ནད་བཅོས་པའི་གཤགས་བཅོས་སོགས་ཀྱི་རྨང་གཞིའི་ཐོག སྡེ་ཁུལ་དུ་དྲག་སྐྱེས་དང་། ཀླད་སྐྱོན་ཤོར་བའི་བྱིས་པའི་དྲག་སྐྱེས་སོགས་དྲག་སྐྱེས་རྣམ་གྲངས་མང་དུ་བཏང་ཡོད་པ་རེད། དྲག་སྐྱེས་བྱས་པ་བརྒྱུད། དབང་པོ་སྐྱོན་ཅན་གྱི་བྱིས་པ་སློབ་གྲྭར་འགྲོ་ཚད་བརྒྱ་ཆ༦༨མཐོ་རུ་ཕྱིན་ཡོད་པ་རེད།
    
ངོ་སྤྲོད་གནང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་སྒོར་བྱེ་བ་ལྔ་དང་ས་ཡ་ལྔ་ལྷག་གཏོང་རྒྱུ་ཡིན་པ་དང་། ནུས་ཤུགས་ཡོད་རྒུས་དབུལ་ཕོངས་ཀྱི་དབང་པོ་སྐྱོན་ཅན་བྱིས་པའི་མྱུར་སྐྱོབ་རང་བཞིན་གྱི་དྲག་སྐྱེས་རྣམ་གྲངས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060