སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དཔལ་འབྱོར་སྒྲིག་སྲོལ་དང་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཚོགས་འདུ་འཚོགས་པ།
སྤེལ་དུས། 2014-06-24   ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

     ཚེས་༢༠ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་སྒྲིག་སྲོལ་དང་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་དགོངས་དོན་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་རང་ལྗོངས་ཀྱི་དཔལ་འབྱོར་སྒྲིག་སྲོལ་དང་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ལས་དོན་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།
    
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། དཔལ་འབྱོར་སྒྲིག་སྲོལ་དང་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དཔལ་འབྱོར་སྒྲིག་སྲོལ་དང་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་སྤེན་པ་བཀྲ་ཤིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
    
《〈(སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེན་གནད་དོན་འགའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབསལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆརགྱི་ལས་འགན་ཁག་བགོས་ཇུས་གཞིདངརང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་༢༠༡༤ལོའི་ལས་ཀའི་གཙོ་གནད་ཀྱི་ལས་བགོས་ཇུས་གཞིལག་བསྟར་དོན་འཁྱོལ་བྱེད་པའི་གཞི་རྩའི་གནས་ཚུལ་སྐོར་གྱི་ཆེད་དོན་ཚོགས་ཆུང་གི་སྙན་ཞུ་གསན་རྗེས་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་ཆེད་དོན་ཚོགས་ཆུང་དང་ཁོངས་མིའི་ཚན་པས་སྒྱུར་བཅོས་ཀྱི་ཁ་ཕྱོགས་འཕྱུགས་མེད་ངང་སྟངས་འཛིན་བྱེད་པ་དང་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དཔལ་འབྱོར་སྒྲིག་སྲོལ་དང་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ལས་དོན་ཁག་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
    
ཏིང་ཡེ་ཤན་གྱིས་ཆེད་དོན་ཚོགས་ཆུང་དང་ཁོངས་མིའི་ཚན་པས་ཚན་རིག་དང་མཐུན་པའི་ངང་འགན་འཁྲི་ཁག་བགོས་བྱས་ནས་སྣེ་ཁྲིད་ཚན་པས་འགན་འཁུར་བ་དང་། གཙོ་གཉེར་གྱི་འགན་འཁུར་བ། ཆ་འཕྲིན་མདོར་བསྡུས་ཚགས་པར། ལྟ་སྐུལ་ཞིབ་བཤེར་བཅས་ཀྱིལམ་ལུགས་བཞིབཟོ་བ་དང་མཐུན་སྦྱོར་ངང་མཉམ་འགུལ་དང་སྦྲེལ་མཐུད་དང་གྲོས་མོལ་བྱེད་པའིལམ་སྲོལ་གཉིསཆགས་པ་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་འགན་འཁྲི་དབྱེ་འབྱེད་བྱེད་པ་དང་ལས་འགན་ཁག་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060