སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མངའ་རིས་ས་ཁུལ་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དོ་དམ་བྱེད་ཐབས་ལ་ལེགས་སྒྲིག་བྱས།
སྤེལ་དུས། 2014-08-15   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

        སྡོད་ཁང་སྤྱི་གསོག་མ་དངུལ་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ལས་བྱེད་པ་དང་ལས་མིས་སྡོད་ཁང་ཉོ་བར་ཤུགས་སྣོན་བྱ་ཆེད། ཉེ་སྔོན། མངའ་རིས་ས་ཁུལ་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་ལོའི་གནས་ཚུལ་དང་སྦྲགས་ཏེ། བརྟག་དཔྱད་དང་ཞིབ་འཇུག་ནན་མོ་བྱས་པའི་རྨང་གཞི་སྟེང་། ལས་བྱེད་པ་དང་ལས་མིའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཆེས་མཐོ་བའི་དངུལ་བུན་གཏོང་ཚད་དང་དངུལ་བུན་གཏོང་བའི་ལོ་ཡུན་ཇེ་མཐོར་བཏང་།
       
རྒྱུས་ལོན་བྱུང་བ་ལྟར་ན། མངའ་རིས་ས་ཁུལ་གྱིས་ཐེངས་འདིའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་གྱི་ཆེས་མཐོ་བའི་དངུལ་བུན་གཏོང་ཚད་མ་དངུལ་སྒོར་ཁྲི༦༠བར་ཇེ་མཐོར་བཏང་བ་དང་། ཆེས་མཐོ་བའི་དངུལ་བུན་གཏོང་བའི་གྲངས་བཅད་ནང་། བྱེ་བྲག་གི་དངུལ་བུན་གཏོང་བའི་གྲངས་བཅད་དེ་ལས་བྱེད་པ་དང་ལས་མིའི་ཟླ་རེའི་འཇལ་ནུས་དང་། ཆེས་རིང་བའི་དངུལ་བུན་གཏོང་བའི་དུས་ཡུན་སོགས་རྒྱུ་རྐྱེན་དང་བསྟུན་ནས་གཏན་ཁེལ་བྱེད་དགོས། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་བའི་ཆེས་རིང་བའི་དུས་ཡུན་ལོ༡༧བར་ཇེ་རིང་དུ་བཏང་བ་དང་། དངུལ་བུན་གཏོང་མཁན་གྱིས་དངུལ་བུན་གཏོང་བའི་ལོ་ཡུན་དང་དངུལ་བུན་གཏོང་བའི་ལོ་ཚོད་དངོས་གཉིས་ཀྱི་བསྡོམས་གྲངས་དེ་ཁྲིམས་བཀོད་ལས་འཁྱུར་ངལ་གསོ་ལོ་ཚོད་ལས་བརྒལ་མི་རུང་ངོ་། 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060