སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་གནས་སྐོར་ལས་རིགས་ཀྱི་ཚོང་ལས་ཚོགས་པའི་སྒོ་བྱང་བཀལ།
སྤེལ་དུས། 2014-08-27   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

        ཟླ༨པའི་ཚེས༢༤ཉིན་བོད་ལྗོངས་གནས་སྐོར་ལས་རིགས་ཀྱི་ཚོང་ལས་ཚོགས་པ་ལྷ་ས་གྲོང་ཁྱེར་ནས་སྒོ་བྱང་བཀལ་ཏེ་དངོས་སུ་བཙུགས་པ་རེད། དབུ་བརྙེས་བའི་ཚོང་ལས་ཚོགས་པས་གནས་སྐོར་ཐོན་ཁུངས་སྣ་མང་ཧྲག་བསྡུ་བྱེད་པ་དང་། གནས་སྐོར་ཆ་འཕྲིན་ངོ་སྤྲོད་སྟེགས་བུ་འཛུགས་པ་སོགས་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ། བོད་ལྗོངས་ཀྱིས་འཛམ་གླིང་གནས་སྐོར་བྱེད་ཡུལ་གཙོ་བོ་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱ་རྒྱུ་རེད།
       
ངོ་སྤྲོད་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་གནས་སྐོར་ལས་རིགས་ཀྱི་ཚོང་ལས་ཚོགས་པ་དེ་བོད་ལྗོངས་ཀྱི་སྤྱི་དབང་མ་ཡིན་པའི་གནས་སྐོར་འཐུས་ཚབ་ཁེ་ལས༣༠ཡིས་གྲོས་འགོ་བཏོན་པ་ཡིན་ཞིང་། ཚོང་ལས་ཚོགས་པས་བོད་ལྗོངས་ཀྱི་གནས་སྐོར་ཁེ་ལས་དྲ་རྒྱ་དང་། ཁེ་དབང་སྲུང་སྐྱོང་། དངུལ་རྩ་མཉམ་འདྲེས། མཉམ་ལས་བརྗེ་རེས་སྟེགས་བུ་བཅས་གཏོད་པར་ཤུགས་བསྣན་ཏེ། གནས་སྐོར་ཐོན་ཁུངས་སྣ་མང་ཧྲག་བསྡུ་དང་། སྲིད་གཞུང་དང་ཁེ་ལས་བར་གྱི་མཐུན་སྦྱོར་བྱེད་པའི་ཟམ་ལམ་འཛུགས་རྒྱུ་བཅས་བྱས་ཏེ། བོད་ལྗོངས་ཀྱིས་འཛམ་གླིང་གནས་སྐོར་བྱེད་ཡུལ་གཙོ་བོ་འཛུགས་སྐྲུན་བྱེད་པར་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་སྐྱོར་བྱ་རྒྱུ་རེད། 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060