སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཚོ་བོད་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གླེང་སྟེགས་མཚོ་སྔོན་དུ་བསྡུས།
སྤེལ་དུས། 2014-08-27   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།
        མཚོ་བོད་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གླེང་སྟེགས་མཚོ་སྔོན་ཚོགས་འདུ་ལྟེ་གནས་སུ་བསྡུས། ཀྲུང་གོའི་བཟོ་སྐྲུན་གླིང་དང་པེ་ཅིང་ནགས་ལས་སློབ་ཆེན་སོགས་སྡེ་ཁག་མི་འདྲ་བའི་ཆེད་མཁས་པ་མང་པོ་མཉམ་དུ་འཛོམས་ཞིང་། རང་གི་ཕུན་སུམ་ཚོགས་པའི་ཆེད་ལས་ཤེས་བྱ་བེད་སྤྱད་དེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་གནད་དོན་བརྗོད་བྱར་བཟུང་ནས་གླེང་མོལ་བྱས། ཞིང་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲིན་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་གཉིས་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད་གནང་།
       
པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་པར་མ་ཟད། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཕྱུགས་ལས་ནི་དེང་རབས་ཅན་གྱི་ཕྱུགས་ལས་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ན། དེ་ཀྲུང་གོ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་བཞི་ཅན་མཉམ་སྤྱོད་ཐབས་ཇུས་ལག་བསྟར་བྱེད་པར་འབྲེལ་བ་དམ་ཟབ་ཡོད་པས། འདིའི་ཐད་ངེས་པར་དུ་ནུས་ཤུགས་ཡོད་རྒུ་འདོན་དགོས་ཞེས་ནན་གྱིས་བསྟན།
       
ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་གནས་བབ་དང་སྐྱེ་ཁམས་ཕྱུགས་ལས་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་སྐབས་བཤད་རྒྱུར། ཉིས་སྟོང་བརྒྱད་ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་སྐྱེ་ཁམས་ལ་བསྟེན་ནས་ཞིང་ཆེན་འཛུགས་པའི་ཐབས་ཇུས་ལག་བསྟར་བྱས་ནས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་ལམ་གསར་བ་བཙུགས་ནས། གོམ་རིམ་གསུམ་གྱི་དམིགས་འབེན་གཏན་འབེབས་བྱས། མིག་སྔར། གོམ་རིམ་དང་པོའི་ལས་འགན་ཡོངས་འགྲུབ་བྱས་ཡོད་ལ། གོམ་རིམ་གཉིས་པ་ཕྱོགས་ཡོངས་ནས་སྤོ་མགོ་བརྩམས་ཡོད། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་གླེང་སྟེགས་འདི་བརྒྱུད་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བར་བརྗོད་བྱ་གསར་བ་དང་ཐབས་ལམ་གསར་བ་རྙེད་པར་འབད་དགོས་ཟེར།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060