སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཧི་མ་ལ་ཡའི་རི་རྒྱུད་འགྲིམ་ཞེས་པའི་གསར་འགོད་པས་སྐྱིད་གྲོང་གྲོང་རྡལ་སློབ་ཆུང་གི་འཚོ་བར་མྱོང་རོལ་བྱས།
སྤེལ་དུས། 2014-09-01   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

སྐྱིད་གྲོང་གྲོང་རྡལ་ཆ་ཚང་སློབ་ཆུང་གི་ཕྱིའི་བཀོད་པ།

        སྐྱིད་གྲོང་རྫོང་ནི་གཞིས་རྩེ་ས་ཁུལ་གྱི་ལྷོ་ནུབ་ཕྱོགས་སུ་གནས་ཡོད་པ་དང་། དེ་གའི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་མངོན་བཞིན་ཡོད། ཧི་མ་ལ་ཡའི་རི་རྒྱུད་འགྲིམ་ཞེས་པའི་གསར་འགོད་ཚོགས་ཆུང་གིས་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ཆ་ཚང་སློབ་ཆུང་གི་དགེ་སློབ་ཚོའི་འཚོ་བར་མྱོང་རོལ་བྱས་པ་རེད།

སློབ་མས་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་བྱེད་བཞིན་པ།

        སྐྱིད་གྲོང་གྲོང་རྡལ་ཆ་ཚང་སློབ་ཆུང་གི་སློབ་སྤྱི་དོན་གྲུབ་བཀྲ་ཤིས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། སློབ་ཆུང་དེ་ནི་སྤྱི་ལོ༡༩༦༤ལོར་བཙུགས་པ་དང་སྤྱི་ལོ༡༩༨༧ལོར་གཞུང་བཙུགས་སློབ་ཆུང་ལ་འགྱུར་བ་རེད། ད་ཆ་ལོ་རིམ་དང་པོ་ནས་དྲུག་པ་བར་འཛིན་གྲྭ༩དང་དགེ་རྒན༢༤ཡོད་པ་དང་། སློབ་མ༣༦༣ཡོད་པའི་ནང་ནས་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག༣༥༩ཡིས་ལོ་རེར་རྒྱལ་ཁབ་ནས་བཏང་བའི་འགན་ལེན་གསུམ་གྱི་འགྲོ་གྲོན་སྒོར༢༨༠༠བེད་སྤྱོད་ཐུབ་ནས། སློབ་ཞུགས་ཀྱི་འགྲོ་འགྲོན་ཐད་སེམས་ཕྲལ་གང་ཡང་བྱེད་དགོས་མེད་པ་རེད།

གསར་འགོད་པས་སྐྱིད་གྲོང་གྲོང་རྡལ་ཆ་ཚང་སློབ་ཆུང་གི་སློབ་སྤྱི་དོན་གྲུབ་བཀྲ་ཤིས་ལ་བཅར་འདྲི་ཞུ་བཞིན་པ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060