སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གཞིས་རྩེ་ས་ཁུལ་གྱིས་ཞིང་ཕྱུགས་ལས་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར༣ལྷག་བཏང་བ།
སྤེལ་དུས། 2014-09-01   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

        ད་ལོའི་རིང་ལ། བོད་ལྗོངས་གཞིས་རྩེ་ས་ཁུལ་གྱིས་རོང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུ་དེ་ལས་འགན་གཙོ་བོ་རུ་བཞག་ནས། དེང་རབས་ཞིང་ཕྱུགས་ལས་འཛུགས་བསྐྲུན་བྱེད་པ་དེ་བརྗོད་བྱར་འཛིན་པ་དང་། ཐོན་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་ལ་དམིགས་ཏེ། ཐོན་ལས་དང་པོའི་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད། ད་ལོའི་ལོ་སྟོད་དུ། ས་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་དཔལ་འབྱོར་འཕེལ་རྒྱས་བྱུང་བའི་རྣམ་པ་བཟང་བོ་མངོན།
       
འདེབས་འཛུགས་ལས་རིགས་ཀྱི་ཐོན་སྐྱེད་བདེ་བླག་ངང་སྤེལ་བ། ད་ལོར་གཞིས་རྩེ་ས་ཁུལ་གྱི་ལོ་ཏོག་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི༡༢༩.༤༨ཡོད། དེའི་ནང་། འབྲུ་རིགས་སྐྱེ་དངོས་མུའུ་ཁྲི༨༡.༩༤ཡོད་པ་དང་། དཔལ་འབྱོར་སྐྱེ་དངོས་མུའུ་ཁྲི༣༤.༠༨ཡོད། གཟན་རྩྭའི་རིགས་མུའུ་ཁྲི༡༣.༤༦ཡོད། མིག་སྔར་ལོ་ཏོག་ཡོད་ཚད་ཞིང་ཁའི་དོ་དམ་དུས་མཚམས་ལ་སླེབས་ཡོད་པ་རེད།
       
ཕྱུགས་ལས་བརྟན་རླིང་ངང་སྤེལ་བ། ད་ལོའི་ལོ་སྟོད་དུ། ད་ཁུལ་ཡོངས་སུ་ཕྱུགས་ཕྲུག་མགོ་གྲངས༡༦༡.༣%གསར་དུ་སྐྱེ་བ་དང་། གསོན་ཚད༩༠.༤%ལ་སླེབས་ཡོད། ན་ལོན་ཕྱུགས་རིགས་ཤི་ཚད་མགོ་གྲངས་ཁྲི༧.༣ལ་སླེབས་ཡོད་དེ། ཤི་ཚད༡.༥%ལ་སླེབས། སྲོག་ཆགས་ཀྱི་ནད་ཡམས་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལམ་ལུགས་ཡོངས་སུ་དངོས་འབེབས་བྱས་པ་ལས། དཔྱིད་ཀའི་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བ་ཟླ5བའི་ཟླ་སྟོད་དུ་ཡོངས་སུ་མཇུག་རྫོགས་ཏེ། ཁྱབ་ཚད༡༠༠%ལ་སླེབས་ཡོད་པ་རེད།
       
ཞིང་ལས་ཐོན་ལས་ཅན་གཉེར་བར་འཕེལ་རྒྱས་ཆེན་པོ་བྱུང་། ད་ལོའི་ལོ་སྟོད་དུ། ས་ཁུལ་ཡོངས་ཀྱི་ཞིང་ལས་ཐོན་ལས་ཚོང་གཉེར་ཁེ་ལས་གྱིས་ཐོན་ཚད་སྒོར་དུང་ཕྱུར༡.༧༥མངོན་འགྱུར་བྱས་ཤིང་། དུས་མཉམ་ལས༡༡.༢%འཕར། ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་ཀྱིས་ཐོན་ཚད་སྒོར་དུང་ཕྱུར༡.༧༥མངོན་འགྱུར་བྱས། འཕར་བའི་རིན་ཐང་སྒོར་ཁྲི༦༠༩༥ལ་སླེབས་ཡོད་དེ། སོ་སོ་ནས༥.༨%དང༥.༦%འཕར་ཡོད། ཆེད་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས༣༩༥བར་ཇེ་མང་དུ་སོང་ཡོད་དེ། དངུལ་རྩའི་སྤྱི་འབོར་སྒོར་དུང་ཕྱུར༣ལ་སླེབས། དེ་དང་ཆབས་ཅིག དབྱར་རྩྭ་དགུན་འབུ་བརྐོ་བའི་དོ་དམ་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་། ས་ཁུལ་ཡོངས་སུ་དབྱར་རྩྭ་དགུན་འབུ་བརྐོ་བའི་མི་གྲངས༥༩༨༥ལ་སླེབས་ཡོད་དེ། ཚོད་རྩིས་བྱས་པ་ལྟར་ན་ཐོན་ཚད་སྤྱི་རྒྱ༤༡༥.༤༨ལ་སླེབས་རྒྱུ་རེད།
       
ཞིང་ཕྱུགས་ལས་རྣམ་གྲངས་བདེ་བླག་ངང་སྤེལ་བ། ད་ལོར་ས་ཁུལ་ཡོངས་ཀྱི་གསར་དུ་འཛུགས་བསྐྲུན་དང་ཡང་བསྐྱུར་འཛུགས་བསྐྲུན་བྱེད་བཞིན་པའི་ཞིང་ཕྱུགས་ལས་འཛུགས་བསྐྲུན་རྣམ་གྲངས་ལ་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ས་ཚུགས་དང་། ནས་ཐོན་སྐྱེད་ལྟེ་གནས་སོགས་རིགས༡༡དང་རྣམ་གྲངས༥༤ཡོད། རྣམ་གྲངས་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར༣.༠༡བཏང་ཡོད། དེའི་ནང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར༢.༦༤བཏང་ཡོད་དེ། མིག་སྔར་སྒོར་དུང་ཕྱུར༢.༥༦ལག་ཏུ་འབྱོར་ཡོད། དངུལ་གཏོང་སྒོར་དུང་ཕྱུར༡.༤༥ལེགས་འགྲུབ་བྱུང་ཡོད་ལ། ལེགས་འགྲུབ་བྱུང་ཚད༥༥%ལ་སླེབས་ཡོད། ད་ལོར་གསར་དུ་རྩིས་སྤྲོད་བྱས་པའི་དངུལ་གཏོང་རྣམ་གྲངས་རིགས༤དང་བྱེ་བྲག་ཏུ་རྣམ་གྲངས༣༧ཡོད། རྣམ་གྲངས་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར༡.༦༥བཏང་ཡོད། དེའི་ནང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར༡.༠༤བཏང་ཡོད་པ་དང་། མིག་སྔར་མ་དངུལ་སྒོར་དུང་ཕྱུར༠.༣དངོས་སུ་འབྱོར་ཡོད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060