སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལོ་སྟོད་ནང་བོད་ལྗོངས་ཀྱི་དམངས་འཚོའི་གཙོ་གནད་ཐད་མ་དངུལ་སྒོར་དུང་ཕྱུར༣༤༥བཏང་བ།
སྤེལ་དུས། 2014-09-09   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

        འདི་ལོ་ཤར་ཚུན་རང་སྐྱོང་ལྗོངས་ཀྱིས་དམངས་འཚོ་སྔོན་ལ་ལག་བསྟར་ཧུར་ཐག་བྱས་ཏེ་མུ་མཐུད་དམངས་འཚོའི་དོན་དངོས་བཅུ་ཡག་པོ་སྒྲུབ་པ་དང་མ་དངུལ་སྒོར་དུང་ཕྱུར༧༠ལྷག་ཙམ་བཏང་ནས་དམངས་འཚོའི་ཁ་གསབ་ཚད་གཞི་མུ་མཐུད་མཐོ་རུ་བཏང་སྟེ༢༠༡༣ལོར་དམངས་འཚོའི་ཁ་གསབ་སྲིད་ཇུས་ཁག་༡༨ལག་བསྟར་བྱས་པའི་རྨང་གཞིའི་ཐོག་དམངས་ཕན་བྱ་ཐབས་གསར་པ་ཁག༡༡སླར་ཡང་ལག་བསྟར་བྱས་པའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་། སློབ་གསོའི་ཁ་གསབ།གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་གི་བསྙེན་བཀུར་སོགས་ཚུད་ཡོད་པ་མ་ཟད། ད་དུང་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་། ལས་ཁུངས། བྱ་གཞག་ཚན་པ་སོགས་ཀྱི་ལས་བྱེད་པ་དང་ལས་བཟོའི་འཚོ་བའི་ཁ་གསབ་སྤར་བ་དེ་ལས་རང་ལྗོངས་ཀྱི་མི་བཅུ་ཆ་དགུ་ལ་ཕན་པ་ཐོབ་ཡོད་པ་རེད། བསྡོམས་རྩིས་ལ་གཞིགས་ན། ལོ་སྟོད་ནང་ལྗོངས་ཡོངས་ཀྱི་ཚན་སློབ་རིག་འཕྲོད་དང་། སྤྱི་ཚོགས་འགན་ལེན། ཞིང་འབྲོག་ནགས་ཆུ་སོགས་དམངས་འཚོའི་གཙོ་གནད་ཐད་མ་དངུལ་སྒོར་དུང་ཕྱུར༣༤༥.༧༣བཏང་བ་དེ་ན་ནིང་ལས་༣༤.༨༣%འཕར་ནས་སྤྱི་ཚོགས་འགན་ལེན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་ཐུབ་པ་བྱུང་བ་དང་། སྤྱི་ཚོགས་བྱ་གཞག་ཟམ་མི་ཆད་པར་ཡར་རྒྱས་བྱུང་བ། ཡུལ་མིའི་ཡོང་འབབ་རྒྱུན་མཐུད་ངང་མཐོ་རུ་འགྲོ་ཐུབ་པ་བྱུང་བ་བཅས་རེད།
       
ཟླ་༦པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་ཐེངས་ཁྲི༡.༥༢མང་དུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་བྱས་པའི་མིའི་ལས་ཤོར་གྱི་ཚད་གཞི་༢.༤༦%ཟིན་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་དང་ལས་ཞུགས་མི་ཐེངས་ཁྲི༣༣.༥༡ཟིན་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་༩.༡༨བྱུང་བ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་མཁན་མི་ཐེངས་ཁྲི༢༥༦.༧༡ཟིན་ནས་དམངས་འཚོའི་སྲིད་ཇུས་ཁག་དོན་འཁྱོལ་ནུས་ལྡན་ཐུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར༤༤༠ནས་སྒོར་༤༩༠བར་མཐོ་རུ་བཏང་བ་དང་།གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དེ་མི་རེར་ལོ་རེར་སྒོར༡༧༥༠ནས་སྒོར་༡༩༥༠བར་མཐོ་རུ་བཏང་བ། གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་གི་བསྙེན་བཀུར་ཚད་གཞི་དེ་མི་རེར་ལོ་རེར་སྒོར༢༦༠༠ནས་སྒོར༢༩༠༠བར་མཐོ་རུ་བཏང་བ་བཅས་རེད།
       
འདི་ལོ་རང་ལྗོངས་ཀྱི་སློབ་གསོའིའགན་ལེན་གསུམགྱི་འགྲོ་གྲོན་ཚད་གཞི་མུ་མཐུད་མཐོ་རུ་བཏང་ནས་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར༢༩༠༠ཟིན་ཏེ་ལོར་སློབ་མ་རེར་ཆ་སྙོམས་སྒོར༢༠༠མཐོ་རུ་བཏང་ཡོད་པ་རེད། ཞིང་འབྲོག་པའི་སྨན་བཅོས་ཁ་གསབ་ཚད་གཞི་དེ་ལོར་མི་རེར་ཆ་སྙོམས་སྒོར༣༨༠བར་མཐོ་རུ་བཏང་བ་དང་། སྐྱ་གྲིབ་ཕོག་པའི་ནད་པ༢༩༨༦ལ་རིན་མེད་ངང་སྨན་བཅོས་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཁྲི༡༡༨དང་གྲྭ་བཙུན་ཁྲི༡.༨ལ་རིན་མེད་ངང་གཟུགས་གཞི་བརྟག་དཔྱད་བྱས་པ། མ་དངུལ་སྒོར་དུང་ཕྱུར༥.༣༤བཏང་ནས་འགན་ལེན་ལྔའི་དུད་ཚང་གི་གཅིག་སྡུད་བསྙེན་བཀུར་རྣམ་གྲངས༣༤དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་རྣམ་གྲངས༤ལག་བསྟར་བྱས་པ་བཅས་རེད།།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060