སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ།
སྤེལ་དུས། 2014-09-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

        ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་གཙོ་གཉེར་བྱས་པའི་༢༠༡༤ལོའི་དཔྱིད་ཀྱི་འདུ་འགོད་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཉེ་དུས་ལྷ་སར་འགོ་ཚུགས་པ་རེད། ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་རྣམ་གྲངས་སྲུང་སྐྱོང་སྡེ་ཚན་དང་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་༧གྱི་རྫོང་དང་གྲོང་ཁུལ༧༤ཡི་མངོན་མིན་རིག་གནས་ཀྱི་འཐབ་ས་དང་པོའི་ལས་དོན་མི་སྣ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།
       
ད་ཐེངས་ཀྱི་གསོ་སྦྱོང་ཁྲོད་ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་གི་ཆེད་ལས་མཁས་དབང་བདུན་གྱིས་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐབ་ས་དང་པོའི་ལས་དོན་མི་སྣར་སློབ་ཁྲིད་བྱ་རྒྱུ་ཡིན་པ་རེད། སློབ་ཁྲིད་གནང་མཁན་གྱི་ཆེད་ལས་མཁས་དབང་། ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་ཚན་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་ཡང་པིན་གྱིས་བོད་ལྗོངས་ནི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཆེ་ཤོས་ཤིག་ཡིན་པས་ད་ཐེངས་གསོ་སྦྱོང་སྤེལ་རེས་གཏིང་ཟབ་བྱས་པ་བརྒྱུད་ཐུན་མོང་ཐོག་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པའི་རེ་བ་ཡོད་ཅེས་གསུངས་པ་རེད། གསོ་སྦྱོང་དེ་རིག་གཞུང་སློབ་ཁྲིད་དང་ལས་ཡུལ་དངོས་ཀྱི་རྟོགས་ཞིབ་ཟུང་འབྲེལ་བྱ་རྒྱུ་དང་སློབ་ཚན་ནི་མིག་སྔའི་རང་རྒྱལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་སྔོན་འགྲོའི་རིག་གཞུང་དང་ལས་དོན་གྱི་དངོས་ཤུགས་གཙོ་བོར་བྱེད་ཅིང་རྣམ་པ་མི་འདྲ་བའི་ཐོག་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འདུ་ཤེས་གསར་པ་དང་ལྟ་བ་གསར་པ། དེ་བཞིན་བྱ་ཐབས་གསར་པ་བཅས་སློབ་ཁྲིད་བྱ་རྒྱུ་ཡིན་པ་རེད།
       
བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་རེན་ཧྲུའུ་ཆུང་གིས་ད་ཐེངས་ནི་ཉེ་བའི་ལོའི་རིང་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ཐད་སྒྲིག་འཛུགས་བྱས་པའི་གཞི་ཁྱོན་ཆེ་ཤོས་དང་རིམ་པ་མཐོ་བ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཆེད་དོན་གསོ་སྦྱོང་ཞིག་རེད། མིག་སྔར། ལྗོངས་ཡོངས་སུ་ཁྱོན་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རྣམ་གྲངས༢ཡོད་པ་དང་རྒྱལ་ཁབ་རིམ་པའི་རྣམ་གྲངས༧༦རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་མི་སྣ༦༨རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས༣༢༣རང་སྐྱོང་ལྗོངས་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་མི་སྣ༣༥༠བཅས་ཡོད་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་འདི་མངོན་མིན་རིག་གནས་ཀྱི་འཐབ་ས་དང་པོའི་ལས་དོན་མི་སྣའི་མཐོང་རྒྱ་དང་འཇོན་ཐང་གོང་མཐོར་གཏོང་བ། ཁྱོན་ཡོངས་ནས་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལས་དོན་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་བར་ནུས་པ་ཧུར་ཐག་ཐོན་རྒྱུ་ཡིན་པ་རེད་ཅེས་གསུངས་པ་རེད། །

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060