སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཆབ་མདོས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ནས་དམངས་ལ་ཕན་པ་སྐྲུན།
སྤེལ་དུས། 2014-09-16   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

        ད་ལོ་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་སྐྲུན་ཆེད། ཆབ་མདོ་ས་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར༦.༧བཏང་ནས་ཆུ་འཐག་དང་ཨར་འདམ་ལམ། གློག་ཤུགས། སྟབས་བདེའི་ཟམ་པ། དྲོད་ཁང༌། འཕྲིན་གཏོང༌། ཐང་ཆེན། སྡོད་ཁང་བཅས་ལས་གཞི་ཆུང་གྲས་བརྒྱད་ལག་བསྟར་བྱས་པ་དང་། སྤྱི་ཟླ༩པའི་ཚེས༡ཉིན་བར་མ་དངུལ་སྒོར་དུང་ཕྱུར༣.༧བཏང་ཟིན་པ་རེད།
       
ད་ལོ་ཆབ་མདོ་ས་ཁུལ་གྱིས་ལས་གཞི་ཆུང་གྲས་བརྒྱད་ཀྱི་འཆར་འགོད་ནང་ཡན་ལག་རྣམ་གྲངས༨༧ལག་བསྟར་བྱས་ཟིན་པར་མ་དངུལ་སྒོར་དུང་ཕྱུར༦.༦༧༨༥བཏང་ཡོད་པ་དང༌། དེང་སྐབས་ཡན་ལག་རྣམ་གྲངས༢༩ལས་འགོ་བཙུགས་ཟིན་པར་མ་དངུལ་སྒོར་དུང་ཕྱུར༣.༧༦༧༤བཏང་ཡོད་པ་དང༌། ཡན་ལག་རྣམ་གྲངས་ལས་འགོ་དང་སླར་གསོ་ཐུབ་ཚད་དང་མ་འཇོག་བྱེད་ཚད་ཀྱིས་ཁག་སོ་སོར་ལོ་འཁོར་མོའི་འཆར་གཞིའི༣༣% ལྷག་དང༥༦%ལྷག་ཟིན་ཡོད། །

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060