སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བདེ་ཆེན་ཁུལ་རུ་ཁག་གིས་རྟ་རྩལ་འགྲན་བསྡུར་ཐོག་གསེར་གྱི་བྱང་བུ༤བླངས་པ།
སྤེལ་དུས། 2014-09-16   ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

མགྱོགས་ཚད་འགྲན་བསྡུར་བྱེད་བཞིན་པ།

        ཟླ༩པའི་ཚེས༡༣ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ཁང་གི་རྟག་རྒྱུག་ཐང་དུ་རྟ་རྩལ་འགྲན་བསྡུར་བྱས་ཤིང་། བདེ་ཆེན་ཁུལ་འཐུས་ཚབ་རུ་ཁག་གིས་གསེར་གྱི་བྱང་བུ༤བླངས་པ་རེད།
       
ཉིན་དེའི་ཕྱི་དྲོར་རྟ་རྩལ་འགྲན་བསྡུར་རྣམ་གྲངས་ཁྱོན་བསྡོམས་སྨི་༡༠༠༠གི་གོམ་ཚད་རྣམ་གྲངས་ཀྱི་ཚོ་ཆུང་ཀ་པ་དང་ཚོ་ཆུང་ཁ་པའི་འགྲན་བསྡུར་དང་། སྨི་༡༠༠༠གི་མགྱོ གས་ཚད་རྣམ་གྲངས་ཀྱི་ཚོ་ཆུང་ཀ་པ་དང་ཚོ་ཆུང་ཁ་པའི་འགྲན་བསྡུར་བྱས་ཡོད་དེ། གསེར་གྱི་བྱང་བུ་༤འགྲན་ཐོན་བྱུང་བ་རེད།སྨི་༡༠༠༠གི་གོམ་ཚད་རྣམ་གྲངས་ཀྱི་ཚོ་ཆུང་ཀ་པའི་འགྲན་བསྡུར་ཁྲོད་དུ། བདེ་ཆེན་ཁུལ་འཐུས་ཚབ་རུ་ཁག་གི་འགྲན་བསྡུར་ལ་ཞུགས་པའི་ནུ་ནུ་དང་དངོས་གྲུབ་༢བློ་བཟང་བདེ་ལེགས་བཅས་ཀྱིས་སྐར་༡དང་སྐར་ཆ་༢༦ཧའོ་མིའོ་༩༣༤དང་། སྐར་༡དང་སྐར་ཆ་༣༡ཧའོ་མིའོ་༧༠༣སྐར་༡དང་སྐར་ཆ་༣༢ཧའོ་མིའོ་༦༢༣གྱི་གྲུབ་འབྲས་ཀྱིས་སྔོན་གྲས་ཀྱི་མིང་རིམ་གསུམ་བླངས་པ། སྨི་༡༠༠༠གི་གོམ་ཚད་རྣམ་གྲངས་ཀྱི་ཚོ་ཆུང་ཁ་པའི་འགྲན་བསྡུར་ཁྲོད་དུ།བདེ་ཆེན་ཁུལ་འཐུས་ཚབ་རུ་ཁག་གི་འགྲན་བསྡུར་ལ་ཞུགས་པའི་དབང་འདུས་༡དང་དབང་འདུས་༢སོ་སོས་སྐར་༡དང་སྐར་ཆ་༥༡ཧའོ་མིའོ་༤༩༥དང་། སྐར་༡དང་སྐར་ཆ་༥༡ཧའོ་མིའོ་༨༣༢ཀྱི་གྲུབ་འབྲས་ཀྱིས་མིང་རིམ་ཨང་དང་པོ་དང་ཨང་གཉིས་པ་བླངས་པ། སྨི་༡༠༠༠གི་མགྱོགས་ཚད་རྣམ་གྲངས་ཀྱི་ཚོ་ཆུང་ཀ་པའི་འགྲན་བསྡུར་ཁྲོད་དུ། བདེ་ཆེན་ཁུལ་འཐུས་ཚབ་རུ་ཁག་གི་འགྲན་བསྡུར་ལ་ཞུགས་པའི་ཡུས་ཞུའེ་ཝུན་དང་དབྱང་ཅེ་ཡིས་སྐར་༡དང་སྐར་ཆ་༠༨ཧའོ་མིའོ་༢༨༡དང་། སྐར་༡དང་སྐར་ཆ་༡༠ཧའོ་མིའོ་༨༩༣གྱི་གྲུབ་འབྲས་ཀྱིས་མིང་རིམ་ཨང་དང་པོ་དང་ཨང་གཉིས་པ་བླངས་པ། སྨི་༡༠༠༠གི་མགྱོ གས་ཚད་རྣམ་གྲངས་ཀྱི་ཚོ་ཆུང་ཁ་པའི་འགྲན་བསྡུར་ཁྲོད་དུ། བདེ་ཆེན་ཁུལ་འཐུས་ཚབ་རུ་ཁག་གི་འགྲན་བསྡུར་ལ་ཞུགས་པའི་དབང་འདུས་༢ཀྱིས་སྐར་༢དང་སྐར་ཆ་༢༠ཧའོ་མིའོ་༨༦༤ཡི་གྲུབ་འབྲས་ཀྱིས་མིང་རིམ་ཨང་དང་པོ་བླངས་པ་རེད།
       
ཤེས་གསལ་བྱུང་དོན། ཐེངས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་རྟ་རྩལ་འགྲན་བསྡུར་རྣམ་གྲངས་ལ་ཁྱོན་བསྡོམས་ཁུན་མིང་དང་ས་ཐང་། ཏཱ་ལི། བདེ་ཆེན་བཅས་ཀྱི་འཐུས་ཚབ་རུ་ཁག་༤ཡི་རྟ་༧༠ལྷག་དང་འགྲན་བསྡུར་དུ་ཞུགས་ཡོད། །

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060