སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དཀར་མཛེས་ཁུལ་གྱིས་བྱེད་ཐབས་བཞི་བླངས་ནས་ལག་ལེན་བསྟར་ཤུགས་ཞན་པའི་གནད་དོན་ཐག་གཅོད་བྱས།
སྤེལ་དུས། 2014-09-18   ཡོང་ཁུངས། ཁམས་པའི་དྲ་བ།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

        ཟླ༨པ་ནས་བཟུང་། དཀར་མཛེས་ཁུལ་གྱིས་བྱེད་ཐབས་བཞི་བླངས་ནས་ལག་ལེན་བསྟར་ཤུགས་ཞན་པའི་གནད་དོན་ཐག་གཅོད་བྱས་པ་རེད།
       
ཟླ༨པར་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཆོག་མཆན་སྤྲད་པའི་ལས་དོན༡༦༧གྱི་སྒྲུབ་འགན་ཁུར་བ་དངལྟ་ཞིབ་བརྡ་ཐོ༡༧བཏང་ནས་ཆེད་དོན་ལྟ་ཞིབ་ཐེངས༡༩བྱས་པ་དང་།ལག་ཁྱེར་ཁ་པར་ནང་དྲན་སྐུལ་སྔོན་ཚུད་ཀྱི་ཉེན་བརྡ་འཕྲིན་ཐུང༨༠༠བཏང་ཡོད། ལྟ་ཞིབ་སྙན་ཞུ༢༠དངགལ་ཆེའི་ལས་ཀར་སྐུལ་སྤེལ་བྱས་པའི་གནས་ཚུལ༡༡འགོ་ཁྲིད་ཀྱིས་མཆན་བཀོད་མཛུབ་སྟོན་གནང་བའི་ལྟ་ཞིབ་ཆེད་གཉེར་ཚགས་པར༦༤ལྟ་ཞིབ་བརྡ་ཁྱབ༢བཅས་གྲུབ་ནས་ལས་ཀ་སྒྲུབ་གཉེར་བྱེད་ཚད་བརྒྱ་ཆ༡༠༠ཡི་ཐོག་སླེབས་པ་རེད། ལམ་ལུགས་གསུམ་ལག་ལེན་གཏིང་ཟབ་བྱས། སྲིད་དོན་ཞབས་ཞུ་ལྟེ་གནས་སུ་བདག་སྤྲོད་བྱ་རྒྱུའི་ལས་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་ཚད་དང་མང་ཚོགས་ཡི་རང་བྱུང་ཚད་བརྒྱ་ཆ༡༠༠ལ་ཟིན། སྲིད་འཛིན་ཕན་ནུས་ཐེར་འདོན་གོང་ཞུ་དང་ལྟ་སྐུལ་གྱི་ཐབས་ལམ་བདེ་འགྲོད་བྱུང་།དྲིལ་བསྒྲགས་བྱེད་སྟངས་ཀྱི་ཐབས་ཤེས་སྣ་ཚོགས་སྤྱད་ནས་སྲིད་འཛིན་གྱི་ཕན་ནུས་ཐེར་འདོན་གོང་ཞུའི་བདག་སྤྲོད་ཁྱབ་ཁོངས་་དང་ཐེར་འདོན་གོང་ཞུའི་ཐབས་ལམ། ཐེར་འདོན་གོང་ཞུ་བྱེད་སྟངས། སྤྱི་ཚོགས་ལས་རིགས་ཁག་གིས་ལྟ་སྐུལ་ལ་དང་ལེན་བྱས་པ་བཅས་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱས་དང་བྱེད་བཞིན་ཡོད་པ་རེད།ལག་བསྟར་བྱེད་ཤུགས་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ།ཟླ་བ༨པའི་ཚེས༡ནས་ཟླ་བ༩པའི་ཚེས༣༠ཉིན་གྱི་བར། དྲིལ་བསྒྲགས་སྐུལ་སློང་དང་སློབ་གསོ་ཁྲིད་སྟོན། གྲུབ་འབྲས་ཟབ་སྤེལ།ཕྱོགས་བསྡུས་གདེང་འཇོག་བཅས་དུས་རིམ་བཞི་བགོས་ནས་ཁུལ་ཡོངས་སུ་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བའི་ཆེད་དོན་བཅོས་སྐྱོང་གི་བྱེད་སྒོ་སྤེལ་ནས་ཏན་ཏིག་གིས་ལག་བསྟར་བྱེད་ཤུགས་མཐོ་རུ་གཏང་རྒྱུ་རེད། 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060