སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ནག་ཆུས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་ནན་མོ་བྱས་པ།
སྤེལ་དུས། 2014-09-28   ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

          འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་གི་ལས་དོན་ལེགས་པར་སྒྲུབ་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱེད་སྒོ་སྤེལ་ནས་འགྲིམ་འགྲུལ་གྱི་ཁོར་ཡུག་ཡག་པོ་ཞིག་གཏོད་ཡོད་པ་རེད།
         
བྱེད་སྒོ་སྤེལ་རིང་ནག་ཆུའི་སྤྱི་བདེ་ལས་ཁུངས་ཀྱིས་ས་ཁུལ་གྱི་འགྲུལ་སྐྱེལ་རླངས་འཁོར་ཚང་མར་གནས་སྐབས་ཞིབ་བཤེར་ཐེངས་གཅིག་བྱས་པ་དང་རླངས་འཁོར་གྱི་བདེ་འཇགས་ནུས་པར་གཙོ་གནད་ཐོག་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱས་ནས་ཚད་མི་ལོན་པའི་རླངས་འཁོར་ཚང་མ་སྐྱེལ་འདྲེན་བྱེད་མཚམས་འཇོག་པ་དང་ཆབས་ཅིག་མེ་གསོད་ཡོ་ཆས་དང་བདེ་འཇགས་ཐོ་བ་སོགས་རླངས་འཁོར་ནང་གི་བདེ་འཇགས་སྒྲིག་ཆས་བཀོད་སྒྲིག་བྱེད་ཚུལ་དང་དེ་བཞིན་འགྲུལ་སྐྱེལ་ཐོབ་ཐང་སོགས་ལ་ཞིབ་བཤེར་བྱས་པ་རེད།
         
ནག་ཆུའི་སྤྱི་བདེ་ལས་ཁུངས་ཀྱིས་ད་དུང་ལམ་ངོས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལམ་ངོས་སུ་སྐོར་གཡེང་ཉེན་རྟོག་པ་ཞུགས་ཚད༨༠%ཟིན་ཡོད། ནག་ཆུ་ནས་ལྷ་ས་བར་གྱི་རྒྱལ་ལམ༡༠༩ཐོག་རླངས་འཁོར་མང་བ་དང་འགྲིམ་འགྲུལ་ལས་འཛོལ་ཐོན་སླ་བར་བརྟེན་ལམ་ངོས་ཀྱི་ཞིབ་བཤེར་བྱ་ཡུལ་གཙོ་བོ་ཡིན་ཞིང་། ནག་ཆུ་རྫོང་ཤོ་མོང་ཤང་དུ་གསར་འགོད་པས་ལམ་ངོས་སུ་འགྲིམ་འགྲུལ་སྡེ་ཚན་གྱིས་ཉེན་རྟོག་པ་མང་པོ་བཏང་ནས་ལམ་ངོས་སུ་ཉེན་རྟོག་པ་ཡོད་ཚད་དང་དོ་དམ་བྱེད་ཚད་མཐོ་རུ་བཏང་སྟེ་རླངས་འཁོར་གཏོང་བཞིན་དུ་ཁ་པར་རྒྱག་པ་དང་ཉེན་ཐག་མི་འདོགས་པའི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་དུས་མཚུངས་མྱུར་ཚད་ལྟ་སྐུལ་ཚོད་འཛིན་གྱི་ཡོ་ཆས་བསྒར་ནས་རླངས་འཁོར་གྱི་མྱུར་ཚད་ལས་བརྒལ་བའི་བྱེད་སྤྱོད་ཞིབ་བཤེར་ནན་པོ་བྱས་པ་མཐོང་བྱུང་། 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060