སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲེན་ཀྲོའུ་ནས་ལྷ་སར་ཐད་ཀར་འཕུར་བའི་མཁའ་ལམ་ཟླ་རྗེས་མར་ཤར་གཏོང་ཐུབ་རྒྱུ་ཡིན་པ།
སྤེལ་དུས། 2014-09-28   ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

          གསར་འགོད་པས་ཀྲེན་ཀྲོའུ་གནམ་ཐང་ནས་ཤེས་རྟོགས་བྱས་པར། ཟླ༡༠ཚེས༢༦ཉིན་ནས་བཟུང་ནུབ་རྒྱུད་མཁའ་འགྲུལ་ཀུང་སིའི་ཀྲེན་ཀྲོའུ་ནས་ལྷ་ས་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།
         
ངོ་སྤྲོད་བྱས་པར་གཞིགས་ན། ཀྲེན་ཀྲོའུ་ནས་ལྷ་ས་བར་གྱི་མཁའ་ལམ་ནི་ནུབ་རྒྱུད་མཁའ་འགྲུལ་ཀུང་སིས་ཟླ༡༠པར་གཙོ་གནད་ཐོག་ཤར་གཏོང་བྱ་རྒྱུའི་མཁའ་ལམ་གསར་པ་ཞིག་ཡིན་ལ། ཀྲེན་ཀྲོའུ་ནས་ལྷ་སར་ཐད་ཀར་འཕུར་བའི་དུས་གཏན་གནམ་གྲུ་ཐོག་མ་དེའང་ཡིན་པ་རེད། དེ་སྔོན་མེ་འཁོར་གྱིས་ཀྲེན་ཀྲོའུ་ནས་ལྷ་ས་བར་ཉིན་གཉིས་འགོར་གྱི་ཡོད་པ་དང་། མཁའ་ལམ་དེ་ཤར་གཏོང་ཐུབ་རྗེས་ཀྲེན་ཀྲོའུ་ནས་ལྷ་སར་སྐྱོད་པར་ཆུ་ཚོད༤དང་སྐར་མ༤༥ལས་འགོར་གྱི་མེད་པ་དང་ལྷ་ས་ནས་ཀྲེན་ཀྲོའུ་ལ་ཕྱིར་ལོག་བྱེད་པར་ཆུ་ཚོད༣དང་སྐར་མ༥༠ལས་འགོར་གྱི་མེད་པ་རེད། 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060