སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བདེ་ཆེན་ཁུལ་གྱི་དབང་པོ་སྐྱོན་ཅན༡༥༠ལྷག་གིས་ལག་རྩལ་གསོ་སྦྱོང་དང་ལེན་བྱས་པ།
སྤེལ་དུས། 2014-10-09   ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

        ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁུལ་ཚན་རྩལ་མཐུན་ཚོགས་ཀྱི་ཞིང་ལས་འཕྲིན་བརྒྱུད་སློབ་ཆེན་གྱིས་རྒྱབ་སྐྱོར་བྱས་འོག་སྐབས་གསུམ་པའི་དབང་པོ་སྐྱོན་ཅན་གྱི་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་བྱས། དུས་མཚུངས་སུ་འཇོལ་རྫོང་ཐང་སྟེང་ཤང་དང་། འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ། སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་བཅས་ལ་སོ་སོར་དུས་ཡུན་ཉིན་༤རིང་གི་དབང་པོ་སྐྱོན་ཅན་གྱི་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བཙུགས་ཤིང་། ཁུལ་ཡོངས་སུ་དབང་པོ་སྐྱོན་ཅན་མི་གྲངས་༡༥༠ལྷག་གསོ་སྦྱོང་དུ་ཞུགས་པ་རེད།
       
གསོ་སྦྱོང་འཛིན་གྲྭས་ཁུལ་ཚན་རྩལ་མཐུན་ཚོགས་ཀྱི་ཞིང་ལས་འཕྲིན་བརྒྱུད་སློབ་ཆེན་དང་ཁུལ་ཕྱུགས་ལས་ཅུས་ཀྱི་འགན་འཁུར་མི་སྣ། ཁུལ་ཞིང་ལས་ཚན་རྩལ་སུའོ་ཡི་སྨན་རིགས་འདེབས་འཛུགས་ཆེད་མཁས། འབའ་ལུང་རྫོང་ཞིང་ཕྱུགས་ཅུས་དང་སེམས་ཀྱི་ཉི་ཟླ་རྫོང་ཕྱུགས་ལས་ཅུས་ཀྱི་ཕྱུགས་ནད་སྨན་བཅོས་ཆེད་མཁས་བཅས་གདན་ཞུས་ནས། ལྷན་རྒྱས་ལ་ཚན་རིག་དང་མཐུན་པའི་ནོར་ལུག་དང་ཕག་པ། བྱ་སོགས་ཀྱི་གསོ་སྤེལ་ལག་རྩལ་འཆད་ཁྲིད་བྱས་ཤིང་། ད་དུང་རུ་ཏ་དང་སྡོང་ཕུང་སོགས་སྨན་རིགས་ཀྱི་འདེབས་འཛུགས་ལག་རྩལ་འཆད་ཁྲིད་བྱས། གསོ་སྦྱོང་བར་སྐབས་སུ། ད་དུང་སློབ་མ་སྒྲིག་འཛུགས་བྱས་ནས་ལས་ཡུལ་དངོས་སུ་ལྟ་སྐོར་སློབ་སྦྱོང་བྱས་པ་རེད།
       
ཤེས་རྟོགས་བྱུང་བར་གཞིགས་ན། དབང་པོ་སྐྱོན་ཅན་གྱི་ལས་ལམ་གསར་འབྱེད་ལ་རོགས་རམ་བྱེད་ཆེད། གསོ་སྦྱོང་རྫོགས་རྗེས། ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འདེབས་འཛུགས་ལག་རྩལ་གསོ་སྦྱོང་དུ་ཞུགས་པའི་སློབ་མ་ལ་སློབ་སྦྱོང་དཔྱད་ཡིག་བཀྲམ་པ་དང་། ཐོན་ལས་འགའི་རྒྱབ་སྐྱོར་རྣམ་གྲངས་དང་རྒྱབ་སྐྱོར་བྱ་ཡུལ་གཏན་འབེབས་བྱས་ཤིང་། སློབ་མ་ཚོ་ལ་ཕྱུགས་རིགས་སྨན་བཅོས་ཡོ་བྱད་ཆ་ཚང་རེ་བཀྲམ་པ་རེད། འཇོལ་རྫོང་གི་དབང་པོ་སྐྱོན་ཅན་སློབ་མ་ལ་སྒོར་༡༠༠༠ཡི་ལས་ལམ་གསར་འབྱེད་ཀྱི་འགོ་ཚུགས་མ་དངུལ་རོགས་རམ་བྱས། སེམས་ཀྱི་ཉི་ཟླ་རྫོང་ཕྱུགས་ལས་ཅུས་ཀྱིས་ལག་རྩལ་གསོ་སྦྱོང་དུ་ཞུགས་པའི་སློབ་མ་ལ་རིན་པ་མི་ལེན་པར་རིན་ཐང་སྒོར་༢༥༠༠རི་བའི་རྩྭ་སོན་བཀྲམ་པ་རེད། 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060