སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཆབ་མདོ་ས་ཁུལ་གྱིས་ངལ་ནུས་ལྷག་འཕྲོ་གཞན་བསྒྱུར་བྱས་ཏེ་རོང་འབྲོག་མང་ཚོཊ་ཀྱི་རྨང་གཞི་ཇེ་ལེགས་སུ་བཏང་།
སྤེལ་དུས། 2014-10-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

        ཉེ་ལམ། ཆབ་མདོ་ས་ཁུལ་གྱིས་ཐོན་ཁུངས་བསྡུ་སྒྲིག་གི་རྨང་གཞི་ཇེ་ལེགས་སུ་གཏོང་ཆེད་དང་། རྩལ་ནུས་གསོ་སྦྱོང་འདེགས་སྐྱོར་བྱས་ཏེ། ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུར་ལྟེ་བར་བྱས་ནས་ཞིང་བར་ཡོང་འབབ་འཕར་ཡོང་བྱེད་རྒྱུ་གཞི་རྩར་བྱེད་པ་བཅས་ཀྱི་ངལ་ནུས་ཀྱི་དཔལ་འབྱོར་ཐོན་ལས་གནས་བབ་ཟམ་མ་ཆད་པར་མཐོ་རུ་བཏང་ཡོད། ལས་ཀའི་བྱེད་ཐབས་གསར་གཏོད་བྱས་པ་བརྒྱུད་གཞན་བསྒྱུར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། གཞན་བསྒྱུར་ལས་སྟེགས་བཏོད་པ། ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ཇེ་མགྱོགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ངལ་ནུས་ལྷག་འཕྲོ་གཞན་བསྒྱུར་ལ་སྐུལ་མ་བཏང་སྟེ། ངལ་ནུས་ལྷག་འཕྲོ་གཞན་བསྒྱུར་གྱི་ལས་དོན་དེ་གོ་རིམ་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་ཀྱི་ཕྱོགས་སུ་སོང་།
        ས་གནས་ཀྱི་ཐོན་ལས་གཏོང་ཤུགས་ཆེ་རུ་བཏང་ནས་ཆབ་མདོ་ས་ཁུལ་གྱི་ལས་ཞུགས་བར་སྟོང་རྒྱ་ཆེར་གཏོང་བ་དང་། ས་གནས་ཀྱི་ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཟོ་བ། སྤྱི་ཚོགས་ཀྱི་དཔལ་འབྱོར་གྲུབ་ཆ་སྣ་མང་ལ་སྐུལ་སྤེལ་གཏོང་མགོ་འཛུགས་པ་བཅས་བྱས་ནས་ཁེ་ལས་འཛུགས་པ་དང་ཐོན་ལས་གཉེར་ཏེ་དམངས་གཉེར་ཁེ་ལས་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས། ཞབས་ཞུའི་ལས་རིགས་སྣ་ཚོགས་བཅས་གོང་འཕེལ་ཆེན་པོ་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན་གོམ་སྟབས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་བཏང་བ་བརྒྱུད་དེ་ལས་ཞུགས་ལས་གནས་ཇེ་མང་དུ་སོང་།
       
ལས་ཀའི་ཞིབ་བཤེར་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཞིང་། དེ་མཚུངས་ཀྱི་དཔྱད་ཞིབ་ལམ་ལུགས་བཙུགས་ཏེ་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་བསྒྱུར་ལས་ཞུགས་ལས་དོན་དེ་རྫོང་ཁག་དང་ཚན་པ་ཁག་གི་ལོ་འཁོར་དམིགས་ཚད་དཔྱད་ཞིབ་ནང་བཅུག

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060