སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཆབ་མདོའི་ཆུ་འགོ་ས་ཁུལ་གྱི་སྲུང་སྐྱོང་ལས་གཞི་ཐད་མ་དངུལ་སྒོར་ཁྲི༥༦༨༦བཏང་བ།
སྤེལ་དུས། 2014-10-10   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

        ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་རྫོང་ཁག་གི་ཆུ་འགོ་ས་ཁུལ་གྱི་ཆུ་ལེན་འགག་རྩ་དང་། ར་བསྐོར། ཆུ་འཇིབ་སྦུབས་ལམ། འབྲེལ་ཡོད་སྒྲིག་ཆས་བཅས་ལ་འཛུགས་སྐྲུན་བྱེད་པ་བརྒྱུད་དེ། རྫོང་ཁག་གི་ཆུ་འགོ་ས་ཁུལ་ལ་སྲུང་སྐྱོང་བྱེད་པའི་བྱ་བར་ཤུགས་བསྣན་པ་རེད།
       
ད་ལོའི་ཟླ༨པའི་ཟླ་མཇུག་བར་དུ། ལྷོ་རོང་རྫོང་དང་། གོ་འཇོ་རྫོང་། འཇོ་མདའ་རྫོང་བཅས་རྫོང་གསུམ་གྱི་ཆུ་འགོ་ས་ཁུལ་གྱི་སྲུང་སྐྱོང་ལས་གཞི་ལ་རྣམ་གྲངས་སྔོན་གྱི་ཡར་ཞུ་བྱེད་པའི་བྱ་བ་མགྱོགས་མྱུར་ངང་སྤེལ་བཞིན་ཡོད་དེ། ཆབ་མདོ་རྫོང་དང་། བྲག་གཡབ་རྫོང་། དཔའ་ཤོད་རྫོང་། སྟེང་ཆེན་རྫོང་། རི་བོ་ཆེ་རྫོང་། དཔལ་འབར་རྫོང་བཅས་རྫོང༦གི་ཆུ་འགོ་ས་ཁུལ་སྲུང་སྐྱོང་བྱེད་པའི་ལས་གཞི་ལེགས་འགྲུབ་བྱུང་ནས་བེད་སྤྱོད་བྱེད་བཞིན་ཡོད་དེ། བསྡོམས་པས་མ་དངུལ་སྒོར་ཁྲི༤༨༡༦.༧༣བཏང་བ་ལེགས་འགྲུབ་བྱུང་ཡོད། མཛོ་སྒང་རྫོང་གི་ཆུ་འགོ་ས་ཁུལ་གྱི་སྲུང་སྐྱོང་ལས་གཞི་ལ་བསྡོམས་པས་མ་དངུལ་སྒོར་ཁྲི༧༥༦.༢༦གཏོང་དགོས་ཤིང་། མིག་སྔར་སྒོར་ཁྲི༤༠༠བཏང་བ་ལེགས་འགྲུབ་བྱུང་། འཆར་གཞི་ལྟར་ན་ད་ལོའི་ལོ་མཇུག་ཏུ་ལེགས་འགྲུབ་འབྱུང་རྒྱུ་ཡིན། སྨར་ཁམས་རྫོང་གི་ཆུ་འགོ་ས་ཁུལ་གྱི་སྲུང་སྐྱོང་ལས་གཞི་ལ་བསྡོམས་པས་མ་དངུལ་སྒོར་ཁྲི༤༧༨.༤༣གཏོང་དགོས་ཤིང་། མིག་སྔར་མ་དངུལ་སྒོར་ཁྲི༤༧༠བཏང་བ་ལེགས་འགྲུབ་བྱུང་ཡོད་དེ། འཆར་གཞི་ལྟར་ན་ཟླ༩བའི་ཟླ་མཇུག་ཏུ་ཡོངས་སུ་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་རེད། །

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060