སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཁྲོན་བོད་གཞུང་ལམ་དེ་ཡུལ་སྐོར་གྱི “སྤྲོ་གསེང་བགྲོད་ལམ” ལ་གྱུར་པ།
སྤེལ་དུས། 2014-10-11   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།   རྩོམ་སྒྲིག་པ།  རིན་ཆེན་གྱིས་བསྒྲིགས།

        སྟོན་དུས་ཀྱི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་འགག་ཟུར་ཤང་དུ་ཚོན་མདོག་རྣམ་པར་བཀྲ་ཞིང་། ནུབ་ཁའི་ཉི་མའི་འོད་མདངས་ཁྲོད་ཁུན་མིང་ནས་ཡིན་པའི་ཀྲང་ཝུའེ་ཝུའེ་ཡིས་གངས་དཀར་རི་བོར་ཕྱོགས་ནས་པར་ཡང་ནས་ཡང་དུ་རྒྱག་པ་དངཉི་འོད་གསེར་གྱི་རི་བོར་འཕྲོས་པའིལྟ་ན་སྡུག་པའི་མཛེས་ལྗོངས་དེས་ཁོ་མོར་དགའ་སྤྲོ་དཔག་མེད་སྦྱིན།
       
ད་རེས་ཀྱི་རྒྱལ་སྟོན་སྤྲོ་གསེང་གཟའ་འཁོར་རིང་རྒྱུ་ལའི་ལ་གཤམ་དང་ཉེ་བའི་རྒྱལ་ལམ་༣༡༨རྒྱུད་ཀྱི་ཝ་ཁྲལ་ཤང་དུ་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཚིགས་སླར་ཡང་ཤར་ནས་ཡུལ་མི་ཚོས་རང་ཁྱིམ་གྱི་མགྲོན་ཁང་དུ་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་མཆིས།
       
ཤང་ཀྲང་ཤེས་རབ་ཀྱིས་འདི་གར་དུས་རབས་འདིའི་དུས་འགོ་ནས་བཟུང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་འགོ་ཚུགས་ཤིང་།པར་རྒྱག་གི་ལྷ་ཡུལཞེས་གྲགས་པའི་ར་ལྔ་ཁལ་གྱི་མཛེས་སྡུག་ཉམས་སུ་མྱོང་ཆེད་ཡུལ་སྐོར་བས་རྒྱལ་ལམ་༣༡༨བརྒྱུད་འདི་གར་ཚང་ཁ་ཤིག་ཤིག་ངང་ཡོང་བ་དང་ཡོང་མཁན་ཡང་ལོ་རེ་ལས་ལོ་རེ་མ་འདས་པར་ཇེ་མང་དུ་འགྲོ་བཞིན་ཡོད། ལྷག་པར་དུ་སྤྲོ་གསེང་གཟའ་འཁོར་རིང་འགྲིམ་འགྲུལ་གྱི་གནོན་ཤུགས་ཆུང་དུ་གཏོང་ཆེད་ཤང་དེ་ཡོངས་ཀྱི་ལས་བྱེད་པ་ཚང་མ་གཞུང་ལམ་ཐོག་བསྐྱོད་དེ་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་བྱེད་རོགས་བྱེད་ཀྱི་ཡོད་ཅེས་བཤད།
       
ཉེ་བའི་ལོ་ཤས་རིང་ལམ་ངོས་གནས་ཚུལ་ལེགས་སུ་ཕྱིན་པ་དང་ཆབས་ཅིག་འགག་ཟུར་ཤང་གིསདུས་ཆེན་འཆར་རིམ་བཞིན་ལམ་འགག་སྲིད་པའིགནས་ཚུལ་ཡང་ཇེ་ལེགས་སུ་ཕྱིན་ཡོད། ས་བབ་ལེགས་པས་ས་གནས་དེ་གའི་ཡུལ་མི་ཚོར་ཡོངས་ཁྱབ་ངང་ཕན་པ་ཐོབ་པ་དང་རྒྱལ་ལམ་༣༡༨རྒྱུད་ཀྱི་རྫོང་ཞབས་གྲོང་ཚོའི་གྲོང་མི་དུད་ཚང་༨༩ཁྲོད་ཀྱི་དུད་ཚང་༨༣གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ལས་དོན་སྤེལ་གྱི་ཡོད། དེའི་ནང་གཞི་ཁྱོན་ཅུང་ཆེ་ཤོས་དང་སྒྲིག་བཀོད་ཆ་རྐྱེན་ཅུང་ལེགས་ཤོས་ཀྱི་སྣེ་ལེན་དུད་ཚང་ལ་ལོ་རེར་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་༡༥ནས་ཁྲི་༢༠བར་རག་གི་ཡོད།
       
ཀྲང་ཝུའེ་ཝུའེ་ཡིས་གསར་འགོད་པར་རང་ཉིད་དང་ཁྱོ་གས་ཉིན་བཅུ་སྤྱད་དེ་རྒྱལ་ལམ་༣༡༨བརྒྱུད་ཁྲེང་ཏུའུ་ནས་སྒེར་འཁོར་བཏང་སྟེ་ལྷ་སར་བསྐྱོད་དེ་ལམ་བར་དུཀྲུང་གོའི་ཆེས་མཛེས་ཤོས་ཀྱི་གཞུང་ལམརྒྱུད་ཀྱི་མི་སེམས་འགུལ་བའི་མཛེས་ལྗོངས་ཉམས་སུ་མྱོང་རྩིས་ཡོད།སྔོན་ཆད་ཁྲོན་བོད་གཞུང་ལམ་རྒྱུད་དུ་ཉེན་ཁ་ཆེན་པོ་ཡོད་པ་ཐོས་མྱོང་ཡོད། འོན་ཀྱང་ན་གཞོན་ཞིག་ལ་ཆ་བཞག་ན། ཡུལ་སྐོར་དུ་འགྲོ་བསམ་ན་འགྲོ་རྒྱུ་ལས་མ་འདསཅེས་བཤད།
       
ཁོ་མོ་དང་འདྲ་བར་ཧོ་ཕེ་ནས་ཡིན་པའི་ལུང་ཞང་གིས་ལམ་བར་གྱི་མཛེས་ལྗོངས་ལ་དྲན་གདུང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། འདས་ཟིན་པའི་ལོ་༡༠ཡི་རིང་ཁོང་གིས་སྒེར་འཁོར་བཏང་སྟེ་གཞུང་ལམ་དེའི་ཐོག་ཐེངས་ལྔ་བསྐྱོད་མྱོང་ཡོད་པ་དང་། རྒྱལ་ལམ་༣༡༨ཀྱི་སྐོར་གླེང་སྐབས་ཁོང་གིས་འུ་ལག་རི་བོ་དང་། རྨིག་སྟོད་འཁྱག་རོམ། རའུ་མཚོ། ཀླུ་ནང་ནགས་ཚལ། གནམ་ལྕགས་འབར་བ། ཡར་ཀླུང་གཙང་པོའི་རོང་ཆེན། ཉི་འོད་གྲོང་ཁྱེར་ལྷ་ས་ལ་སོགས་རང་ཁྱིམ་གྱི་ནོར་བུ་བགྲང་བ་ལྟར་ཤོད་པ་དང་། རྒྱལ་ལམ་༣༡༨རྒྱུད་ཀྱི་མཛེས་ལྗོངས་ལ་རྒྱུས་ཡོངས་སུ་བླངས། ཁོང་དེ་བས་ཡིད་དབང་འཕྲོག་པའི་ཁྲོན་བོད་བྱང་ལམ་༣༡༧ཐོག་སྐྱོད་འགོ་ཚུགས། ཉིན་༢༠ཡི་གོང་དུ་ཁོང་གིས་སྒེར་འཁོར་བཏང་སྟེ་ཁྲེང་ཏུའུ་ནས་ཐོན་པ་དང་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྒྱུད་ནུབ་ཕྱོགས་སུ་བསྐྱོད་ནས་བོད་ལྗོངས་མངའ་རིས་གངས་རིན་པོ་ཆེར་རི་སྐོར་རྒྱག་འགོ་ཚུགས། ལམ་བར་དུ་ཁོང་ལ་བག་ཆགས་ཟབ་མོ་ཞིག་བཞག་པ་དང་། ཁྲོན་བོད་གཞུང་ལམ་ནི་ཀྲུང་གོའི་མཛེས་ཤོས་ཀྱི་གཞུང་ལམ་ཞིག་ཡིན། གལ་སྲིད་འགྲོ་འདོད་ཡོད་ཚེ་ག་དུས་ཡིན་ནའངཤམ་བྷ་ལསསྐུ་ཉིད་ལ་སྣེ་ལེན་ཞུ་སྲིདཅེས་ལུང་ཞང་གིས་བཤད།
       
ད་བར་ཁྲོན་བོད་གཞུང་ལམ་ཐོག་སྐྱེལ་འདྲེན་ལས་ལ་གཞོལ་མཁན་བྲག་འགོ་རྫོང་ནས་ཡིན་པའི་བོད་རིགས་ཁ་ལོ་བ་ཀྲོའུ་ཀུང་གི་ངོས་ནས་བརྗོད་ན། ཡུལ་སྐོར་བ་ནི་དོན་དམ་དུ་མཛེས་ལྗོངས་ཤིག་ཡིན། ཁོང་གིས་གཞུང་ལམ་དེའི་ཐོག་གི་ལོ་༤༠ཙམ་གྱི་འགྱུར་ལྡོག་གླེང་བ་དང་། ཁོང་གིས་དུས་རབས་གོང་མའི་ལོ་རབས་༧༠པར་གཞུང་ལམ་དེའི་ཐོག་ཏུ་ཉིན་མཚན་བརྒྱད་ཏག་ཏག་ལུས་པའི་མྱོང་ཚོར་ཤོད་པ། འུ་ལག་རི་བོའི་ཕུག་ལམ་ནང་རླངས་འཁོར་ཤར་གཏོང་ཐུབ་རྗེས་སྟབས་བདེ་བྱུང་ལུགས་ཤོད་པ། དེ་བཞིན་ཁོང་གི་ཕ་ཡུལ་བྲག་འགོ་རྫོང་གཙང་སྨད་ཤང་དུ་གཞུང་ལམ་དེའི་དབང་གིས་འགྱུར་ལྡོག་འགྲོ་ལུགས་གླེང་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
       
རླངས་འཁོར་ལ་བསྡད་དེ་དར་མདོ་ནས་ཐོན་ཏེ་ཧ་ལམ་སྤྱི་ལེ་༡༥ཙམ་སོང་རྗེས་རྒྱུ་ལ་ཐང་གྲོང་ཚོརདྲག་ཆས་ཡོངས་སུ་སྤྲས་པའིརྐང་འཁོར་རུ་ཁག་གཅིག་དང་དེ་བཞིན་ལུས་ཐོག་ཏུ་རྒྱབ་ཁུག་ཆེན་པོ་ཁུར་བའི་རྐང་ཐང་མར་ཡུལ་སྐོར་བྱེད་མཁན་ཚོགས་པ་ཞིག་དང་ཐུག ཁྲེང་ཏུའུ་ནས་ཡིན་པའི་ཀྲོའུ་ཧྥེ་ཡང་སྔོན་ཆད་ཁོང་ཚོའི་གྲས་ཤིག་ཡིན་པ་རེད། ༢༠༡༢ལོར་ཁོང་གིས་ཉིན་༢༤སྤྱད་དེ་ཁོ་རང་གཅིག་པུ་རྐང་འཁོར་བཞོན་ནས་ལམ་ཐག་སྤྱི་ལེ་༢༠༩༥ཡོད་པའི་ཁྲེང་ཏུའུ་ནས་ལྷ་སར་བསྐྱོད་པ་ཡིན། ཁོང་གིས་རྟག་ཏུ་རྐང་འཁོར་བཞོན་ནས་ཡུལ་སྐོར་དུ་སྐྱོད་པའི་ལམ་བར་གྱི་པར་དེ་དག་ལ་ལྟ་སྐབས་ཐང་སྨད་དུ་སྐྱོད་པའི་དངངས་སྐྲག་དང་། རྒྱལ་མོ་རྔུལ་ཆུའི་ལམ་གུག་སྐོར་བའི་དཀའ་ཚེགས། རའུ་མཚོ་ངོགས་ཀྱི་སེམས་བག་ཡངས་པོ་བཅས་དུས་ད་ཆའང་ཡིད་ལ་ལྷང་ལྷང་དུ་དྲན་གྱི་ཡོད།
       
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་དཀར་མཛེས་ཁུལ་གྱིས་རྒྱལ་ལམ་༣༡༨དང་རྒྱལ་ལམ་༣༡༧མཐའ་འཁོར་ལམ་ཐིག་ཏུ་བྱས་ནས་ཤར་ནུབ་ལ་ཤར་གཏོང་ཐུབ་པའི་ཡུལ་སྐོར་བགྲོད་ལམ་ཞིག་བཏོད་དེ་ཡུལ་སྐོར་དམིགས་སའི་མ་ལག་འཆར་འགོད་དང་འཛུགས་སྐྲུན་བྱེད་བཞིན་ཡོད། མིག་སྔར་འདབ་པ་ཉི་རྟེན་ལྟེ་བར་བྱས་པའིཤམ་བྷ་ལའི་བླ་སྲོགདང་། གངས་དཀར་རི་བོའི་ཡུལ་སྐོར་ལམ་ཐིག་གཙོ་གཟུགས་སུ་བྱས་པའིཤམ་བྷ་ལའི་རྩེ་མོརོང་བྲག་གཙོ་གནད་དུ་བྱས་པའིརྒྱལ་རོང་རིག་གནས་ཁུལསྡེ་དགེ་ལྟེ་གནས་སུ་བྱས་པའིགླིང་གེ་སར་རིག་གནས་ལྟེ་གནསསོགས་ཡུལ་སྐོར་ཐོན་ལས་གཙོ་གནད་དུ་གཏོད་བཞིན་ཡོད་པ་རེད། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དང་དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དེ་གཉིསརྒྱལ་ཁབ་གཞུང་ལམ་དྲ་བའི་འཆར་འགོདདང་།སི་ཁྲོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་དྲ་བའི་འཆར་འགོདདང་དེ་བཞིནསི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་གྱིལོ་ལྔ་ཚན་བཅུ་གཉིས་པའིའཕེལ་རྒྱས་འཆར་འགོདབཅས་སུ་བཅུག་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་༥༧༤ཙམ་བཏང་ཡོད་པ་རེད།
       
ཀྲོའུ་ཀུང་གི་བུ་མོ་ཁྲེང་ཏུའི་སློབ་ཆེན་ཞིག་ཏུ་ཚུད་པ་དང་ཁྲོན་བོད་གཞུང་ལམ་བརྒྱུད་ཕ་ཡུལ་ནས་ཐོན།བུ་མོའི་ཕུགས་འདུན་ནི་ཡུལ་སྐོར་སྣེ་ཤན་པ་ཞིག་བྱས་ཏེ་ཁྲོན་བོད་གཞུང་ལམ་རྒྱུད་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཉམས་སུ་མྱོང་རྒྱུ་དེ་རེདཅེས་ཀྲོའུ་ཀུང་གིས་བཤད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060