སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཨ་ཆེན་གངས་རྒྱབ“དངོས་མིན་ཤུལ་བཞག་ལ་རེ་ཞུ”བྱེད་འགོ་བརྩམས།
སྤེལ་དུས། 2014-10-14   ཡོང་ཁུངས། མཚོ་སྔོན་ཉིན་ཚཊ།   རྩོམ་སྒྲིག་པ།  དཔལ་མགོན་སྐྱབས།

ཉེ་ཆར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དངོས་སུ་མཚོ་སྔོན་ཞིང་ཆེན་གྱི་དངོས་མིན་ཤུལ་བཞག་རང་བྱུང་ཁམས་ལ་སྙན་ཞུ་བྱེད་པའི་ཆ་རྐྱེན་ཆེས་འཛོམས་པའི་ཨ་ཆེན་གངས་རྒྱབ་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། འཛམ་གླིང་གི་རང་བྱུང་ཤུལ་བཞག་ལ་སྙན་ཞུ་བྱེད་འགོ་དངོས་སུ་བརྩམས།

འཛམ་གླིང་གི་ཤུལ་བཞག་དངོས་རྫས་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་བཅས་ཀྱི་རྩ་འཛུགས་དང་། འཛམ་གླིང་ཤུལ་བཞག་དངོས་རྫས་ཨུ་ལྷན་གྱིས་གཏན་ཁེལ་བྱས་པའི་མི་རིགས་ཀྱི་མཐོང་དཀོན་པ་དང་། མིག་སྔར་འཐུས་ཚབ་བྱེད་མི་ཐུབ་པའི་ནོར་རྫས་ལ་ཟེར། ཤུལ་བཞག་དངོས་རྫས་ལ་སྙན་ཞུ་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་རང་བྱུང་དང་རིག་གནས་ཐོན་ཁུངས་སྲུང་སྐྱོང་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་དེ་གཅིག་བསྡུས་ཀྱིས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། རང་རྒྱལ་དུ་ད་ལྟ་འཛམ་གླིང་ཤུལ་བཞག་རིག་གནས་དང་རང་བྱུང་མཛེས་ལྗོངས་ཞེ་བདུན་ཡོད། མཚོ་བོད་མཐོ་སྒང་གི་ཐུན་མིན་གྱི་ས་བབ་ཆགས་སྟེངས་ཀྱིས་མཚོ་སྔོན་གྱི་གཙང་གསུམ་མགོ་ཁུངས་དང་ཨ་ཆེན་གངས་རྒྱབ། ཁུ་ནུ་རི་བོ། ཚྭ་འདམ་གཤོང་ས། མཚོ་སྔོན་པོ་སོགས་ཤུལ་བཞག་ས་གནས་ཐོན་ཁུངས་གལ་ཆེན་སྐོར་ཞིག་གྲུབ་ཡོད། འོན་ཀྱང་མཚོ་སྔོན་ཞིང་ཆེན་ལ་ད་དུང་སྔར་བཞིན་འཛམ་གླིང་གི་ཤུལ་བཞག་དངོས་རྫས་མེད་པ་རེད།

ཉེ་བའི་ལོ་འགའི་རིང་དུ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་ཤུལ་བཞག་དངོས་རྫས་ལ་སྙན་ཞུ་བྱེད་པར་དགོས་ངེས་ཀྱི་དངོས་པོའི་རྨང་གཞིའི་ཆ་རྐྱེན་བསྐྲུན་པས། ཤུལ་བཞག་དངོས་རྫས་ལ་སྙན་ཞུ་བྱེད་པར་ཞིང་ཆེན་ཕྱི་ནང་ཀུན་གྱི་སྤྱི་ཚོགས་རིམ་པ་སོ་སོས་དོ་ཁུར་དང་མཐོང་ཆེན་བྱེད་བཞིན་ཡོད། སྡོད་ཁང་དང་གྲོང་རྡལ་འཛུགས་སྐྲུན་པུའུ་ཡིས་སྔོན་ཆད་མཚོ་སྔོན་ཞིང་ཆེན་ནས་མཚོ་སྔོན་དང་བོད་ལྗོངས། ཤིན་ཅང་བཅས་ཞིང་ཆེན་གསུམ་གྱི་འཛམ་གླིང་ཤུལ་བཞག་ཐོན་ཁུངས་ཞིབ་བཤེར་ལས་དོན་གྱི་བཞུགས་མོལ་གྲོས་ཚོགས་འཚོགས་སྟེ། ཐོག་དང་པོར་ཨ་ཆེན་གངས་རྒྱབ་དང་ཁུ་ནུ་རི་བོ། གཙང་གསུམ་མགོ་ཁུངས། ཚ་འདམ་གཤོང་ས། མཚོ་སྔོན་པོ་བཅས་ཤུལ་བཞག་དངོས་རྫས་ལ་སྙན་ཞུ་བྱེད་པར་མིང་འདོན་བྱས། ཨ་ཆེན་གངས་རྒྱབ་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཐོན་ཁུངས་རྩ་ཆེན་དང་དཀོན་པོ། དཔེ་མཚོན་བཅས་ཡིན་པས། དེའི་རིན་ཐང་དང་རྒྱལ་སྤྱིའི་སྙན་གྲགས་མཐོ་ལ། སྲུང་སྐྱོང་ཆ་ཚང་བྱས་ཡོད་པས། འཛམ་གླིང་གི་ཤུལ་བཞག་རང་བྱུང་ཁམས་ལ་སྙན་ཞུ་བྱེད་པར་ཆ་རྐྱེན་འཛོམས། སྡོད་ཁང་དང་གྲོང་རྡལ་འཛུགས་སྐྲུན་པུའུ་ཡིས་ཐིགས་ཁུར་དང་གྲོས་འདོན་འོག་ཏུ། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དངོས་སུ་ཆེས་ཤུལ་བཞག་རང་བྱུང་ཁམས་ལ་སྙན་ཞུ་བྱེད་པར་འཚམ་པའི་ཨ་ཆེན་གངས་རྒྱབ་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛམ་གླིང་ཤུལ་བཞག་རང་བྱུང་ཁམས་ལ་སྙན་ཞུ་བྱེད་པར་ཆོག་མཆན་གནང་། དུས་མཚུངས་སུ། སྙན་ཞུའི་ལས་ཀ་མང་བ་དང་རྙོག་འཛིང་ལྡན་ལ། དཀའ་ཁག་ཆེ་བས། མཚོ་སྔོན་ཞིང་ཆེན་གྱིས་སྡོད་ཁང་དང་གྲོང་རྡལ་འཛུགས་སྐྲུན་པུའུ་ལ་ཆེད་མཁས་པའི་མཛུབ་སྟོན་མཐུན་སྒྲིག་དང་སྙན་ཞུའི་འགྲོ་སོང་གི་རོགས་སྐྱོར་སོགས་ཕྱོགས་སོ་སོ་ནས་རྒྱབ་སྐྱོར་བྱས་ཡོད་པ་རེད།

ཁ་བྱང་ཕྱི་མོ། ཨ་ཆེན་གངས་རྒྱབདངོས་མིན་ཤུལ་བཞག་ལ་རེ་ཞུབྱེད་འགོ་བརྩམས།

(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060