སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཟླ་མཇུག་ཏུ་ཁྱུང་མཆུའི་གནམ་ཐང་སླར་དབྱེ་རྒྱུ་ཡིན་ཞིང་།གཟའ་རེར་རེས་གཉིས་དང་ཆེས་བདེའི་པ་སེར་སྒོར ༤༨༤ རེད།
སྤེལ་དུས། 2015-04-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་རྣམ་རྒྱལ།

ཀུན་གྱིས་དོ་སྣང་བྱ་ཡུལ་རྔ་བའི་ཁྱུང་མཆུའི་གནམ་ཐང་འདིའི་ཟླ་མཇུག་ཏུ་སླར་ཡང་སྒོ་དབྱེ་རྒྱུ་རེད། གསར་འགོད་པས་ཟླ ༤ པའི་ཚེས ༨ ཉིན་རྔ་བའི་ཁྱུང་མཆུའི་གནམ་ཐང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁྲིན་ཏུ་ནས་ཁྱུང་མཆུའི་མཁའ་ལམ་ཟླ ༤ པའི་ཚེས ༣༠ ཉིན་བསྐྱར་དུ་དངོས་སུ་དབྱེ་རྒྱུ་ཡིན་ལ། ཟླ ༥ བ་ཧྲིལ་བོར་སྔར་བཞིན་རྒྱལ་གཉེར་མཁའ་འགྲུལ་གྱིས། གཟའ་རེའི་གཟའ་ཕུར་བུ་དང་ཉིན་མར་རེས་སྐོར་ཐེངས་རེ་རྒྱུན་མཁྱོངས་བྱ་རྩིས་འདུག གནམ་གྲུའི་ལན་གྲངས CA༤༢༡༩༢༠ ཡིན་ལ་འཕུར་ཡུན་ཆུ་ཚོད་གཅིག་རེད། ཆུ་ཚོད ༦༥༠ ཐོག་ཁྲིན་ཏུ་ནས་ཆས་ཏེ ༧༥༠ ཐོག་ཁྱུང་མཆུར་བསླེབས། ༨༣༠ ཐོག་ཕྱིར་ལོག་གིས ༩༣༠ ཁྲིན་ཏུར་བསླེབས།

ན་ནིང་ཟླ ༦ པའི་ཚེས ༥ ཉིན་ཚོད་འཕུར་ལེགས་འགྲུབ་བྱུང་རྗེས། ཡུན་ཐུང་ཐུང་ཞིག་ལ་གནམ་ཐང་སྒོ་ཕྱེ་མྱོང་།རེས་འཕུར་ཐེངས་བཞི་བྱས་ཀྱང་། ཁྲིན་ཏུ་ནས་ཁྱུང་མཆུར་འགྲུལ་བ ༤༢༣ ལས་བསྐྱལ་མེད། དགུན་ཚུགས་པ་ན། འགྲུལ་བ་དང་གནམ་གཤིས་ཀྱི་རྐྱེན་ལས་ཁྱུང་མཆུ་གནམ་ཐང་སྒོ་མི་རྒྱག་རང་རྒྱག་རེད། འདིའི་ཟླ་མཇུག་ཏུ་ད་གཟོད་སླར་ཡང་དབྱེ་ཐུབ་རྒྱུ་རེདཅེས་གནམ་ཐང་འགན་ཁུར་བས་གསལ་བཤད་བྱས། དེ་ལས་གཞན་འགན་ཁུར་བ་འདིའི་ངག་ལས། ཟླ ༦ པར་ཁྱུང་མཆུའི་ཡུལ་སྐོར་མཐོ་རླབས་སུ་འགྲོ་སྐབས། མཁའ་ལམ་འདི་ཉིན་རེར་ཐེངས་གཅིག་བསྐྱོད་སྲིད་པའི་སྐད་ཆ་བུད། གསར་འགོད་པས་ཞཱེ་ཁྲིན་ཡུལ་སྐོར་དྲ་ངོས་ནས། མཁའ་ལམ་སླར་ཕྱེ་བའི་ཉིན་དེའི་ཆེས་བདེ་བའི་པ་སེར་སྒོར ༤༨༤ ཙམ་ཡིན་པ་མཐོང་།

ཤེས་རྟོགས་བྱུང་བ་ལྟར་ན། རྔ་བའི་ཁྱུང་མཆུའི་གནམ་ཐང་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་ཁོངས་སུ་གནས་ཡོད་ལ། རྔ་བའི་འབར་ཁམས་དང་སྤྱི་ལེ ༡༢༨  ཁྱུང་མཆུ་རྫོང་དང་སྤྱི་ལེ ༤༨ གནས་ཀྱི་མཚོ་འཕགས་སྨི ༣༥༣༥ སར་གནས། རང་རྒྱལ་མཚོ་ངོས་ལས་མཐོ་ཤོས་ཀྱི་གནམ་ཐང་བཅུའི་གྲས་སུ་གཏོགས་ལ། གཟི་ཚ་དུང་རིའི་གནམ་ཐང་ལས་ཀྱང་མཐོ་ཙམ་ཡོད། ༢༠༡༢ ལོའི་ཟླ ༧ པར་ལས་འགོ་ཚུགས་ཤིང་། ༢༠༡༣ ལོའི་ཟླ ༩ པར་གནམ་ཐང་ཐིག་ཚད་སྒྲིག་འཕུར་བྱས། ༢༠༡༤ ལོའི་ཟླ ༦ པའི་ཚེས ༥ ཉིན་ཚོད་འཕུར་ལེགས་འགྲུབ་བྱུང་། ༢༠༡༤ ལོའི་ཟླ ༨ པའི་ཚེས ༢༨ ཉིན་གནམ་ཐང་འདི་དངོས་སུ་ཕྱེ། ཁྱུང་མཆུ་གནམ་ཐང་ཕྱེ་བ་ན། ཡུལ་སྐོར་བ་ཁྱུང་མཆུའི་གནམ་ཐང་ནས་རྔ་བར་ཞུགས་ཏེ། འབྱམས་ཀླས་པའི་རྩྭ་ཐང་དང་ཤར་དུང་རིའི་རྫིག་ཉམས། གཟི་ཚ་སྡེ་དགུའི་མཛེས་སྡུག་མྱངས་རྗེས། གཟི་ཚ་དུང་རིའི་གནམ་ཐང་ནས་ཕྱིར་ལོག་ཆོག་པས། གནམ་ཐང་འདི་གཉིས་རྔ་བའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གཤོག་པ་གཉིས་སུ་གྱུར་ཡོད།

ཁ་བྱང་ཕྱི་མོ། ཟླ་མཇུག་ཏུ་ཁྱུང་མཆུའི་གནམ་ཐང་སླར་དབྱེ་རྒྱུ་ཡིན་ཞིང་།གཟའ་རེར་རེས་གཉིས་དང་ཆེས་བདེའི་པ་སེར་སྒོར ༤༨༤ རེད།

རྩོམ་འགན་པ། སྒྲོལ་ཚེ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060