སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ།
སྤེལ་དུས། 2016-11-07   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཆོས་སྒྲོན།
          བསྡོམས་རྩིས་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཆབ་མདོ་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་ལྟར་ན། སྒོར་དུང་ཕྱུར་111.9ལེགས་འགྲུབ་བྱུང་བ་དེ་དུས་མཚུངས་ལས་15.8%འཕར་བ་དང་ལོ་འཁོར་འཆར་གཞིའི་སྒོར་དུང་ཕྱུར་153གྱི་73.1%ལེགས་སྒྲུབ་བྱས་ཡོད། གྲོང་ཁྱེར་དེའི་དཔལ་འབྱོར་ཐད“འཕེལ་རྒྱས་མྱུར་ཚད་མགྱོགས་པ་དང་། སྤུས་ཚད་ཀྱི་ཕན་འབྲས་ལེགས་པ། ཐོན་ལས་གྲུབ་ཆ་བཟང་བ། མ་འཇོག་སྐུལ་ཁྲིད་ཆེ་བ། དམངས་འཚོ་ལེགས་སྒྱུར་ཆེ་བ། འཕེལ་རྒྱས་ཀྱི་གཏིང་ཤུགས་ལྡན་པ”སོགས་ཀྱི་ཁྱད་ཆོས་མངོན་ཡོད་པ་རེད།
          མ་འཇོག་མགྱོགས་མྱུར་འཕར་ཞིང་། ཟླ་བ་དང་པོ་ནས་དགུ་པའི་བར་ཆབ་མདོ་གྲོང་ཁྱེར་གྱི་སྤྱི་ཚོགས་བརྟན་འཇགས་རྒྱུ་ནོར་གྱི་མ་འཇོག་སྔོན་དཔག་ལྟར་ན་སྒོར་དུང་ཕྱུར་182ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་21.3%འཕར་བ་དང་ལོ་འཁོར་འཆར་གཞིའི་82.7%ལེགས་སྒྲུབ་བྱས་པ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་33.6དོན་འཁྱོལ་བྱུང་བ། “ཆུ་བོ་གསུམ”གྱི་ཆུ་གློག་གསར་སྤེལ་མྱུར་ཚད་རྒྱུན་མི་ཆད་པར་མགྱོགས་སུ་ཕྱིན་ནས་རིམ་རྩིས་བྱས་ན་མ་འཇོག་སྒོར་དུང་ཕྱུར་22.5ལེགས་གྲུབ་བྱུང་ཡོད་པ་རེད།
          ཐོན་ལས་གོང་འཕེལ་མགྱོགས་སུ་ཕྱིན་ཞིང་། ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་དུས་བབ་དགའ་འོས་པ་ཞིག་ཡོད་པས་ཟླ་བ་དང་པོ་ནས་ཟླ་བ་དགུ་པའི་བར་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་14.5ཟིན་ནས་དུས་མཚུངས་ལས་4.3%འཕར་བ་དང་།
          གྲོང་ཁྱེར་དེའི་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་སྣེ་འདྲེན་ཁེ་ལས་9ལ་ཐོན་རྫས་རིན་ཐང་སྒོར་ཁྲི་5320མངོན་འགྱུར་ཐུབ་པ་དང་ཞིང་དུད་6000ལ་སྐུལ་ཁྲིད་ཀྱིས་དུད་ཁྱིམ་རེར་ཡོང་འབབ་སྒོར་2700བྱུང་ཡོད། བཟོ་ལས་ཐད་མགྱོགས་འཕར་རྒྱུན་འཁྱོངས་བྱུང་ནས་ཟླ་དང་པོ་ནས་དགུ་པ་བར་གྲོང་ཁྱེར་དེའི་བཟོ་ལས་ཁེ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་ལྟར་ན་སྒོར་དུང་ཕྱུར་9.9ཟིན་ནས་དུས་མཚུངས་ལས་22.4%འཕར་ཡོད། ཐོན་ལས་གསུམ་པ་བརྟན་པོའི་ངང་འཕེལ་རྒྱས་བྱུང་ནས་ཟླ་དང་པོ་ནས་དགུ་པ་བར་ཡུལ་སྐོར་བ་མི་ཐེངས་ཁྲི་136.5ལ་སྣེ་ལེན་ཞུས་ཏེ་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་11.2རག་པ་དེ་ཆ་སྙོམས་དུས་མཚུངས་ལས་19.5%འཕར་བ། གཞུང་ལམ་འགྲིམ་འགྲུལ་གྱི་སྐྱེལ་འདྲེན་དང་འགྲུལ་སྐྱེལ་བྱེད་འབོར་དུས་མཚུངས་ལས་5.1%འཕར་བ། སྦྲག་ལས་ལས་སྒོའི་སྤྱིའི་ཡོང་འབབ་དུས་མཚུངས་ལས་5.2%འཕར་བ་བཅས་རེད།
          དམངས་འཚོ་ཟམ་མི་ཆད་པར་ལེགས་སུ་སོང་ཞིང་། དབུལ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་སོང་བ་དང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་152མགྱོགས་མྱུར་བསྐྲུན་ནས། མིག་སྔར་འཛུགས་སྐྲུན་གྱི་སྤྱིའི་འཕེལ་རིམ་གྱི་80%ལེགས་གྲུབ་ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར་11.5བཏང་ཡོད། ལས་ཞུགས་ཀྱི་ལས་ཀ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་དུས་ཚིགས་དང་པོ་ནས་གསུམ་པ་བར་གྲོང་ཁྱེར་དེས་ལས་གནས་4575བཏོད་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་4307ལས་ཞུགས་གསར་འཕར་ཐུབ་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་འཕྲོ་མི་ཐེངས་ཁྲི་10.6ལས་ཞུགས་གཞན་སྒྱུར་བྱས་ནས་ཡོང་འབབ་སྒོར་དུང་ཕྱུར་5.3བྱུང་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་ཟླ་དང་པོ་ནས་དགུ་པའི་བར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར་1.195དོན་འཁྱོལ་གྱིས་དུད་ཚང་32322ཀྱི་མི་91508ལ་ཕན་པ་ཐོབ་ཡོད་པ་རེད།
          རྒྱུ་རྐྱེན་གྱི་འདེགས་སྐྱོར་ནུས་ལྡན་བྱུང་ཞིང་། ནོར་ཁྲལ་ཡོང་འབབ་བརྟན་ཐོག་ཡར་འཕེལ་བྱུང་ནས་དུས་ཚིགས་དང་པོ་ནས་གསུམ་པ་བར། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་9ལེགས་གྲུབ་ཀྱིས་ལོ་འཁོར་འཆར་གཞིའི་76.7%གྲུབ་ནས་འཕར་ཚད་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཨང་དང་པོ་སླེབས་ཡོད་པ་རེད།
          ཕན་འབྲས་རྒྱུན་མི་ཆད་པར་བྱུང་ཞིང་། ཁྲོམ་རའི་འཛད་སྤྱོད་འཕར་ཚད་མྱུར་བས་ཟླ་9པའི་ཟླ་མཇུག་བར་སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་ཚོང་བསྡོམས་འབོར་སྔོན་དཔག་ལྟར་ན་སྒོར་དུང་ཕྱུར་29.8ལེགས་གྲུབ་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་མགྱོགས་མྱུར་འཕར་ནས་གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་དཔག་ལྟར་ན་སྒོར་19842དང་སྒོར་6386སོ་སོར་ཟིན་ཡོད། ཟོག་གོང་བརྟན་པོ་བྱུང་ནས་དུས་ཚིགས་དང་པོ་ནས་གསུམ་པ་བར་སྔོན་དཔག་ལྟར་ན་ཡུལ་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས་102.9དང་ཚོང་ཟོག་གི་སིལ་ཚོང་རིན་གོང་སྟོན་གྲངས་101.8ཟིན་ཡོད།
          འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་སོང་ཞིང་། སྒྱུར་བཅོས་ཁག་ལ་བརྟན་པོའི་ངང་སྐུལ་སྤེལ་བཏང་ནས་ཟླ་9པའི་ཟླ་མཇུག་བར་རྣམ་གྲངས་859ལ་དྲ་ཐོག་རེ་ཞུ་ཞིབ་མཆན་གོ་རིམ་ལྟར་ལས་སྟེགས་སུ་བཅུག་པར་མ་དངུལ་སྒོར་དུང་ཕྱུར་139.44དང་འབྲེལ་ཡོད། ཚོང་འགུགས་མ་འདྲེན་གྱི་གྲུབ་འབྲས་གཟེངས་སུ་ཐོན་ནས་ཟླ་དང་པོ་ནས་དགུ་པ་བར་གྲོང་ཁྱེར་དེས་རྣམ་གྲངས་143ནང་འདྲེན་བྱས་པར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་15.93དོན་འཁྱོལ་བྱུང་ཡོད། རོགས་སྐྱོར་དང་ལེན་གྱི་ལས་དོན་ལ་སྐུལ་མ་གཏིང་ཟབ་བཏང་བས་དུས་ཚིགས་དང་པོ་ནས་གསུམ་པ་བར་ཁག་གཉིས་པའི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རིགས་གཅིག་མཁས་ཅན་18ཀྱིས་རིམ་རྩིས་བྱས་ན་སྒོ་བསྟེན་ནད་པ་མི་ཐེངས་395ལ་སྨན་བཅོས་བྱས་པ་དང་། རོགས་སྐྱོར་དང་ལེན་གྱི་མ་དངུལ་སྒོར་དུང་ཕྱུར་6.1དོན་འཁྱོལ་བྱུང་ཡོད་པ་རེད། 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716