སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཚོ་སྔོན་གྱི“རྒྱལ་ནོར”ཁྲི་6ལྷག་ཙམ་ལ“གློག་རྡུལ་ཐོབ་ཐང་ལག་ཁྱེར”བཟོ་བ།
སྤེལ་དུས། 2016-11-21   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  རིན་ཆེན།
          མཚོ་སྔོན་ཞིང་ཆེན་རིག་དངོས་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་སྤོ་རུང་བའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོའི་མཚོ་སྔོན་ཁྱབ་ཁོངས་ཀྱི་ལས་དོན་སྤེལ་མཇུག་འགྲིལ་ལ་ཉེ་ཞིང་། ད་རེས་ཀྱི་ཡོངས་ཁྱབ་ཞིབ་བཤེར་གྱིས་ཞིང་ཆེན་དེའི་རིག་དངོས་64852ལ་གྲངས་གཞི་ཅན་གྱི་ཡིག་ཚགས་བཟོ་རྒྱུ་ཡིན་པས། “རྒྱལ་ནོར”ཁྲི་6ལྷག་ཙམ་ལ“གློག་རྡུལ་ཐོབ་ཐང་ལག་ཁྱེར”ཐོབ་རྒྱུ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། དུས་ཡུན་ལོ་བཞིའི་རྒྱལ་ཡོངས་སྤོ་རུང་བའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོ་2016ལོའི་ཟླ་12པར་མཇུག་འགྲིལ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱི་ཡོངས་ཁྱབ་ཞིབ་བཤེར་ནང་1949ལོའི(1949ལོ་ཚུད་པ)གོང་ལོ་རྒྱུས་ཐོག་གི་དུས་རབས་མི་འདྲ་བའི་རྩ་ཆེའི་སྒྱུ་རྩལ་ཐོན་རྫས་དང་། བཟོ་རྩལ་མཛེས་རྩལ་ཐོན་རྫས། ཚན་རིག་གི་རིན་ཐང་ལྡན་པའི་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་ཀྱི་འགྱུར་རྡོ། གནའ་བོའི་མིའི་རིགས་ཀྱི་འགྱུར་རྡོ། ཚད་ལྡན་ཡིག་ཆ་དང་མ་ཟིན་གལ་ཆེན་བཅས་དང་། དེ་བཞིན་སྐབས་རིམ་བྱུང་གི་མི་རིགས་ཁག་གི་སྤྱི་ཚོགས་འཚོ་བ་མཚོན་པའི་འབྲེལ་ཡོད་མཚོན་བྱེད་རང་བཞིན་གྱི་དངོས་རྫས་སོགས་ཚུད་ཡོད་པ་རེད།
          མཚོ་སྔོན་ཞིང་ཆེན་རིག་དངོས་དོ་དམ་ཅུས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་ཚན་པ་ཁག་གིས་ཉར་བའི་སྤོ་རུང་བའི་རིག་དངོས་ནི་མཚོ་སྔོན་གྱི་མི་རིགས་ཁག་གི་རིག་གནས་ཤུལ་བཞག་གི་དངོས་རྫས་ཀྱི་དཔང་རྟགས་ཤིག་རེད། ད་ཐེངས་ཡོངས་ཁྱབ་ཞིབ་བཤེར་བྱས་པས་སྤོ་རུང་བའི་རིག་དངོས་ཀྱི་ཞིབ་ཕྲའི་གནས་ཚུལ་དང་ཉར་ཚགས་བྱེད་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་། ཚན་རིག་དང་མཐུན་པའི་ངང་མཚོ་སྔོན་གྱི་རིག་དངོས་ཐོན་ཁུངས་ཀྱི་གནས་ཚུལ་ལ་སྔར་བས་གདེང་འཇོག་བྱེད་པ། གཞུང་ཁོངས་རིག་དངོས་སྲུང་སྐྱོབ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རིག་གནས་སྲུང་སྐྱོབ་བྱེད་ཤུགས་དང་ཁྱབ་ཁོངས་ཆེ་རུ་གཏོང་བ་བཅས་བྱེད་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716