སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སི་ཁྲོན་དཀར་མཛེས་རྫོང་གིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཕྱུག་པོའི་ལམ་བུ་བཏོད་པ།
སྤེལ་དུས། 2016-11-28   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  རྡོ་རྗེ།
          སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར། གནད་སྨིན་དབུལ་སྒྲོལ་ཡོང་བ་བྱ་ཆེད། དཀར་མཛེས་རྫོང་གིས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པར་བརྟེན་ནས་ཐུན་མོང་མིན་པའི་ཕྱུག་པོའི་ལམ་བུར་བསྐྱོད་ཡོད། རྫོང་དེས་འདེབས་འཛུགས་གསོ་སྤེལ་དང་ལས་སྣོན་ལས་རིགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་མཉམ་ལས་ཁང་39བཙུགས་པས་རྫོང་དེའི་འདེབས་འཛུགས་གསོ་སྤེལ་ལས་རིགས་དང་ལས་སྣོན་ལས་རིགས་ཀྱི་ཚད་ལྡན་ཅན་དང་། ཆེད་ལས་ཅན། ཐོན་ལས་ཅན། ལེགས་བསྡུས་ཞིབ་གཉེར་ཅན་བཅས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།
          དཀར་མཛེས་རྫོང་མཁར་སྒང་ཤང་ཡར་ཚོ་གྲོང་ཚོ་ནི་འདི་ལོའི་དབུལ་པོའི་ཞྭ་མོ་འཕུད་ཡུལ་གྱི་གྲོང་ཚོ་ཞིག་ཡིན་པ་དང་གྲོང་ཚོ་དེར་གྲོང་མི་དུད་ཚང་49ཡོད། མིག་སྔར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་10དང་མི་54ཡོད་པ་རེད། དཀར་མཛེས་རྫོང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་དུས་གྲོང་ཚོ་དེས་ཐོན་ལས་འདེགས་སྐྱོར་གྱི་འཁོར་རྒྱུག་མ་དངུལ་སྒོར་ཁྲི་15དང་རྫོང་རིམ་པའི་ལྷན་སྦྱར་གྱི་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི་15སྤྱད་དེ་འདེབས་འཛུགས་གསོ་སྤེལ་གྱི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ཆུ་འཐག་1དང་སྣུམ་འཚག་1བསྐྲུན་པས་དུད་ཚང་ཚང་མར་ལོར་ཡོང་འབབ་སྒོར་800ཡན་མང་དུ་ཕྱིན་ཡོད་པ་རེད།
          དཀར་མཛེས་རྫོང་གི་འབྲེལ་ཡོད་འགན་འཁུར་བས་དབུལ་སྒྲོལ་ཁ་ཕྱོགས་ཡང་དག་འཚོལ་ཐུབ་ཆེད། དཀར་མཛེས་རྫོང་གིས་ཞིང་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྲོང་གསེབ་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་ནས། ཟླ་སྟོད་ཤང་འཁྱོག་ལུང་གྲོང་ཚོ་དང་ཚྭ་རྩྭ་ཤང་བདེ་སྐྱིད་གྲོང་ཚོ་སོགས་གྲོང་ཚོ་དབུལ་པོ་14ལ་གནད་སྨིན་དབུལ་སྐྱོར་གྱི་མཉམ་སྡེབ་འབྲོག་ར་13དང་། བ་གསོ་ར་བ་1 བྱ་གསོ་ར་བ་3བཅས་བསྐྲུན་ཏེ་དུད་ཚང་583གྱི་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།
          འགན་འཁུར་བ་དེས་ངོ་སྤྲོད་བྱས་པར་གཞིགས་ན། དཀར་མཛེས་རྫོང་གིས་ད་དུང་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱེད་པའི་ལས་དོན་སྤེལ་ཤུགས་མགྱོགས་སུ་བཏང་ནས་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ“ཀུང་སི་དང་། རྩ་འཛུགས། རྟེན་གཞི། ཞིང་དུད”བཅས་མཉམ་དུ་འབྲེལ་བའི་གཉེར་སྐྱོང་རྣམ་པའི་ཐོག་ནས་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་དཀར་མཛེས་རྫོང་གིས་བསྐྲུན་པའི་ཁང་པེ་སྣོད་བཅུད་འབྲི་གཡག་ཐོན་ལས་གླིང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2.8ཟིན་པ་དེས་རྒྱལ་ཡོངས་ཀྱི་འབྲི་གཡག་ཐོན་ལས་གླིང་ཆེ་གྲས་བཞི་པ་ཡིན་པའི་ངོས་ནས་སྔོན་དཔག་བྱས་ན་ལོར་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་1.5ཟིན་རྒྱུ་དང་། སྒོར་ཁྲི་3000བཏང་ནས་བསྐྲུན་པའི་ཁང་པེ་ཤིང་འབྲས་དང་སྔོ་ཚལ་སྡེབ་ཚོང་ཁྲོམ་རས་དཀར་མཛེས་ཀྲོའུ་བྱང་ལམ་གྱི་ཤིང་འབྲས་དང་སྔོ་ཚལ་གྲང་ཉར་དང་། ཞིང་ཞོར་ཐོན་རྫས། སྨན་རྒྱུ། འབྲུ་སྣུམ་བཅས་ཀྱི་གཅིག་སྡུད་སིལ་ཚོང་དང་སྡེབ་ཚོང་ཁྲོམ་ར་ནུས་ཤུགས་ཡོད་རྒུས་གཏོད་པ་དང་ཆབས་ཅིག་གློག་རྡུལ་ཚོང་དོན་ལས་སྟེགས་ཀྱང་གཏོད་རྒྱུ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716