སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མངའ་རིས་ཀྱི་སྐབས་གཉིས་པའི་ཞིང་འབྲོག་ཐོན་རྫས་ཚོང་འདུས་མཇུག་འགྲིལ་བ།
སྤེལ་དུས། 2016-12-09   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཆོས་སྒྲོན་གྱིས་བསྒྱུར།
ཉོ་ཚོང་བསྡོམས་སྒོར་ཁྲི་1400ལྷག་ཙམ་ཟིན་པ།
          ཟླ་12ཚེས་5ཉིན་ཚོང་དུད་དང་མང་ཚོགས་བློ་ཡིད་ཚིམ་པོའི་ཁྲོད་དུས་ཡུན་ཉིན་5ཡི་མངའ་རིས་ས་ཁུལ་གྱི་སྐབས་གཉིས་པའི་ཞིང་འབྲོག་ཐོན་རྫས་ཚོང་འདུས་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།
          རྩ་མདའ་རྫོང་ཆུ་གསུམ་ཤང་ཆུ་མུར་ཏི་གྲོང་ཚོའི་ཚོང་པ་འོད་ཟེར་གྱིས་ད་ཐེངས་ཀྱི་ཚོང་འདུས་ཐོག་ལས་གྲུབ་ཚོགས་ཆུང་བཞིས་གྲོང་ཚོ་ཡོངས་ཀྱི་ལུག་115དང་ཞིང་འབྲོག་ཐོན་རྫས་གཞན་དག་ཁྱེར་ཡོད། ཁོང་གིས“ང་ཚོའི་ལུག་ཚང་མ་བྲིན་སོང་། མྱུར་དུ་གྲོང་ཚོར་ལོག་ནས་ཚང་མར་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་ཡིན། སྲིད་གཞུང་གིས་ང་ཚོར་གོ་སྐབས་ཡག་པོ་དེ་འདྲ་མཁོ་འདོན་བྱས་པས་དེ་སྔ་བཞིན་ལུག་འཚོང་མི་ཐུབ་པ་དང་ལུག་ཉོ་མཁན་ལ་ལུག་མི་རག་པའི་གནས་ཚུལ་ཐོན་མ་སོང་། དེ་ལྟ་བུའི་ཚོང་འདུས་ལོ་ལྟར་གཉེར་རྒྱུའི་རེ་བ་ཡོད”ཅེས་དགའ་སྤྲོའི་ངང་གསར་འགོད་པར་བཤད།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོང་འདུས་ཐོག་ཉོ་ཚོང་བསྡོམས་སྒོར་ཁྲི་1400ལྷག་ཙམ་ཟིན་ནས་སྐབས་དང་པོའི་ཚོང་འདུས་ཀྱི་ཉོ་ཚོང་བསྡོམས་སྒོར་ཁྲི་848དང་བསྡུར་ན་སྒོར་ཁྲི་600ཙམ་མང་དུ་ཕྱིན་པ་དང་། ཚོང་དུད་དང་མང་ཚོགས་བསྡོམས་མི་ཐེངས་ཁྲི་1ལྷག་ཙམ་ད་ཐེངས་ཀྱི་ཚོང་འདུས་ནང་ཞུགས་ཡོད། མངའ་རིས་ས་ཁུལ་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཀྲའོ་ཀྲུང་ཝུན་གྱིས་ལོ་གཉིས་བསྟུད་མར་འབྲོག་ལས་ཐོན་རྫས་ཀྱི་ཚོང་འདུས་གཉེར་བ་བརྒྱུད། དེ་སྔ་སྲིད་གཞུང་གིས་སྐུལ་སློང་ཤུགས་ཆེན་བྱེད་པ་ནས་ད་ལྟ་རང་འགུལ་ངང་དེའི་ནང་ཞུགས་པའི་བར་མངའ་རིས་མང་ཚོགས་ཀྱི་འཛད་སྤྱོད་ལྟ་བར་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་ནས་དེའི་ནང་ཞུགས་མཁན་མི་གྲངས་དང་། ཚོང་ཟོག་གཞི་ཁྱོན། ཉོ་ཚོང་བསྡོམས་སྒོར་བཅས་ཚང་མ་ལོ་རེ་བཞིན་འཕར་བ་དེས་མངའ་རིས་ཀྱི་ཞིང་འབྲོག་ཐོན་རྫས་འཁོར་རྒྱུག་ལ་སྐུལ་མ་ཐེབས་པ་དང་། ཁྲོམ་རའི་དཔལ་འབྱོར་གཞི་ཁྱོན་རྒྱ་སྐྱེད་ཕྱིན་པ། མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ། མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་བ་བཅས་བྱུང་ཡོད། ཕྱི་ལོ་མངའ་རིས་ཀྱིས་ཚོང་འདུས་གཉེར་ཡུལ་སྔར་བས་རྒྱ་སྐྱེད་དང་ཚོང་འདུས་གཉེར་ཡུན་རིང་དུ་གཏོང་རྒྱུ་ཡིན་ཞེས་གསར་འགོད་པར་བཤད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716