སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཚོ་སྔོན་གྱིས་དྭངས་གཙང་ཆུ་བོ་ཤར་དུ་བཞུར་རྒྱུའི་འགན་ལེན་བྱས་པ།
སྤེལ་དུས། 2016-12-09   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།
          ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཡུལ་ཤུལ་གྱིས་ཤིང་འཛུགས་ནགས་བཟོའི་ལས་ལ་ཧུར་ཐག་གཞོལ་ཞིང་། དེ་སྔའི་མཚོ་སྔོན་ཡུལ་ཤུལ་གྱི་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ད་ཆ་སྔོ་ཐིང་ཐིང་གི་སྡོང་ཕྲུག་ར་བར་གྱུར་ཡོད། དེ་གའི་ས་ཞིང་མུའུ་1200ཐོག་མར་ཐོན་ལས་གླིང་དུ་འཆར་འགོད་བྱས་ཡོད། སྣོད་བཅུད་སྲུང་སྐྱོང་སྔོན་དུ་བྱེད་པའི་འདུ་ཤེས་ཀྱི་སྐུལ་འདེད་འོག་མཐར་ནགས་ཤིང་ལྕང་སོན་ལེགས་ཤོས་སྐྱེ་འཕེལ་ཚོད་ལྟའི་རྟེན་གཞིར་གྱུར་ཡོད། “གཙང་གསུམ་ཆུ་འགོ་དང་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོའི་དོར་ཐབས་མེད་པའི་འགན་འཁྲི་རེད”ཅེས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཏེ་ཅུན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད། འདི་ལོ་མཚོ་སྔོན་གྱིས་ནགས་བཟོ་མུའུ་ཁྲི་180ལྷག་ཙམ་བྱ་རྒྱུ་ཡིན་པ་རེད།
          གཙང་གསུམ་ཆུ་འགོར་གནས་པའི་མཚོ་སྔོན་དེ་རྒྱལ་ཡོངས་ཀྱི་སྣོད་བཅུད་གནས་བབ་མངོན་གསལ་དོད་ལ་འགན་འཁྲི་ཡང་དམིགས་བསལ་ཆེན་པོ་ཡོད་ཅིང་། “སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་བཏོན་གནང་བའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དྭངས་གཙང་ཆུ་བོ་ཤར་དུ་བཞུར་རྒྱུ་འགན་ལེན་བྱེད་དགོས་པ་སོགས་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱ་རྒྱུ་ནི་དེང་སྐབས་ཀྱི་ལས་འགན་གལ་ཆེན་ཡིན་ལ་ང་ཚོའི་ཕུགས་ཀྱི་དོན་གཉེར་བྱེད་ས་ཡང་ཡིན”ཞེས་པ་ལས་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་འགན་འཁྲི་ཆེན་པོ་ཡོད་ལུགས་མཚོན་ཐུབ།
          སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བར་ལམ་ལུགས་ལ་བརྟེན་ནས་སྲུང་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་ལས་བྱེད་པའི་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་འགན་འཁྲི་བདའ་འདེད་གཏོང་བའི་ལག་བསྟར་ཞིབ་སྲོལ་དང་། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དོ་དམ་བྱེད་ཐབས། མཚོ་སྔོན་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཇུས་གཞི། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ས་ཚིགས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་སྔོན་སྐྱོད་ཁུལ་གཏོད་པ་སོགས་སྣོད་བཅུད་ཐད་ཀྱི་བསམ་འཆར་དང་བྱེད་ཐབས་40ཙམ་སྔ་རྗེས་སུ་བཏོན་ནས་གཙང་གསུམ་ཆུ་འགོའི་ཁུལ་གྱི་ཀྲོའུ་དང་རྫོང་གི་GDPདཔྱད་ཞིབ་སྟོན་གྲངས་མེད་པ་བཟོ་བ་དང་། སྣོད་བཅུད་དཔལ་འབྱོར་ནགས་ཚལ་མང་དུ་གཏོང་བ་སོགས་ལྗང་མདོག་འཕེལ་རྒྱས་མངོན་པའི་སྟོན་གྲངས་ཁག་དགུ་མང་དུ་གཏོང་བ། སྣོད་བཅུད་སྲུང་སྐྱོང་གི་དཔྱད་ཞིབ་དམིགས་ཚད་ནན་ཏན་དང་ཞིབ་ཚགས་ངང་བཟོ་བ་བཅས་བྱས་ཏེ་དཔྱད་ཞིབ་བཀོད་འདོམས་ལ་བརྟེན་ནས་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་ཁྲིད་སྟོན་བྱེད་ཀྱི་ཡོད།
          སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བར་སྣོད་བཅུད་སྔོན་དུ་བྱེད་པའི་འདུ་ཤེས་ཞིང་འབྲོག་མང་ཚོགས་ཚང་མའི་སེམས་ནང་ཟུག་པར་བྱས་ཤིང་། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་གོང་སྨད་ཤང་སོག་ཆེན་འབྲོག་པ་ཨུ་ལྷན་གྱིས་ནོར་ལུག་འཚོ་ཐལ་ཤོར་བ་སོགས་ཀྱིས་རྐྱེན་པས་མུའུ་ཁྲི་17གྱི་རྩྭ་ཐང་ཁྲོད་ནས་མུའུ་ཁྲི་4ས་ནག་གྲམ་ཐང་དུ་གྱུར་ཏེ་ལྷགས་པ་ལྡང་སྐབས་ངོ་གདོང་ཡང་ནག་རྐྱང་བཟོ་གི་ཡོད། “རྩྭ་ཐང་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོ་འབྲོག་པ་ཚང་མའི་འགན་འཁྲི་ཡིན”ཞེས་བསོད་བཟང་གིས་བཤད། ཁོང་དང་འབྲོག་དུད་127དབར་རང་འགུལ་ངང་གཟན་རྩྭ་འདེབས་འཛུགས་མཉམ་ལས་ཁང་བཙུགས་པ་ནས་བཟུང་མུའུ་ཁྲི་8000ལྷག་ཙམ་གྱི་ས་ནག་གྲམ་ཐང་ཐོག་རྩྭ་འབྲུ་གཏོར་ཡོད། མཚོ་སྔོན་གྱིས་ནོར་ལུག་འཚོ་ཐལ་ཤོར་བ་བཅོས་སྒྲིག་བྱ་རྒྱུ་ནས་འགོ་བཙུགས་ཏེ་མུའུ་དུང་ཕྱུར་2.45ཡི་རྩྭ་ཐང་གི་རྩྭ་ཁ་བཀག་པ་དང་མུའུ་དུང་ཕྱུར་2.29ཡི་རྩྭ་ཐང་དུ་རྩྭ་ཕྱུགས་དོ་སྙོམས་ཡོང་བ་བྱས་ཏེ་ཤོང་ཚད་ལས་བརྒལ་བའི་ལུག་འགྱུར་མགོ་གྲངས་ཁྲི་570ལྷག་ཙམ་ཞིབ་བཤེར་བྱས་ནས་ཇེ་ཉུང་དུ་བཏང་སྟེ་ཞིང་འབྲོག་དུད་ཚང་ཁྲི་76ལྷག་ཙམ་ལ་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་བྱ་དགའི་ཁ་གསབ་དངུལ་སྤྲད་པ་དང་འབྲོག་པ་ཁྲི་10བསོད་བཟང་དང་འདྲ་བར་རྩྭ་ཐང་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པའི་ལས་ལ་གཞོལ་འགོ་བརྩམས།
          སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བར་སྲུང་སྐྱོང་དང་འཕེལ་རྒྱས་དང་བཅོས་སྐྱོང་དང་ཕྱུག་འགྱུར་སྤྱི་འདོམས་ཡོང་བ་བྱེད་དགོས་ཤིང་། རི་བོ་དང་རྩྭ་ཐང་གི་གནོན་ཤུགས་ཆུང་དུ་གཏོང་བ་དང་དུས་མཚུངས་མཚོ་སྔོན་བོད་རིགས་ས་ཁུལ་གྱི་རྫོང་ཁག་གིས་སྣོད་བཅུད་ལ་བརྟེན་ནས་རྫོང་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་དེ་འབྲོག་པར་འབབ་འཕར་ཡོང་བ་བྱས་པ་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབའ་རྫོང་གིས་མུའུ་ཁྲི་16ལྷག་ཙམ་གྱི་རྩྭ་ཐང་གི་རྩྭ་ཁ་བཀག་པ་དང་ལུག་འགྱུར་མགོ་གྲངས་ཁྲི་31.6ཉུང་དུ་བཏང་བ་དང་ཆབས་ཅིག་སྡོམ་གསོས་གཙོ་བོར་བྱེད་པའི་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་བཏང་སྟེ“ས་མཐོའི་འབྲི་གཡག་གསོ་སྤེལ་རྟེན་གཞི”བཏོད་ཐོག་རྫོང་ཡོངས་ཀྱི་མི་འབོར་དབུལ་པོ་2012ལོའི་ཁྲི་3.69ནས་ད་ཆ་མི་གྲངས་5000བར་ཆག་སྟེ་ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་དབུལ་སྒྲོལ་གྱི་རྫོང་དང་པོར་གྱུར་ཡོད།
          སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་བྱེད་པར་བློས་གཏོང་ཕོད་པ་དང་སེམས་ཤུགས་འདོན་ཕོད་པ་བྱས་ཏེ་ཕུགས་ལ་གཞི་ཚུགས་དགོས་ཤིང་། ཚྭ་འདམ་དུ་འཛམ་གླིང་ཐོག་གི་མྰེ་བཟོ་ལས་རྟེན་གཞི་ཆེ་ཤོས་ཡོད་པ་དང་སླད་ཕྱིན་ཚྭ་མཚེའུ་བཟོ་ལས་ཀྱིས་གཙོ་བོ་ཅཱ་ལུད་ཐོན་སྐྱེད་བྱས་ནས་ཁིལ་རྨེ་རྫས་སོགས་ཀྱི་གྲུབ་ཆ་འདུས་པའི་ཚྭ་ཆུ་རྙིང་པ་ཐད་ཀར་འབུད་གཏོང་བྱེད་པར་མི་ཚོས“མྰེ་གནོད་འཚེ”ཞེས་བརྗོད་ཀྱི་ཡོད། གསར་དུ་འཛུགས་སྐྲུན་བྱས་པའི་ལྕགས་རིགས་མྰེ་གཞི་གཅིག་ཅན་གྱི་རྣམ་གྲངས་ཀྱིས་སྙིགས་རོ་བསྐྱར་སྤྱོད་བྱ་རྒྱུར་དམིགས་ནས་ཚད་གཞི་མཐོ་པོ་དང་འགོ་འཛུགས་ས་མཐོ་པོ་ཡོང་བ་བྱས་པ་རེད། “ཅཱ་ཁྲུན་དང་། བུལ་རྐྱང་། ལྕགས་རིགས་མྰེ་སོགས་ཀྱི་སྒྲིག་ཆས་ཚོད་ལྟ་བྱེད་འགོ་བཙུགས་ནས་ལྕགས་རིགས་མྰེ་སྲོག་ཤིང་དང་ནཱ་བེད་སྤྱོད་བྱ་རྒྱུ་རམ་འདེགས་སུ་བྱས་ཏེ་ཅུང་འཐུས་སྒོ་ཚང་བའི་འཁོར་རྒྱུག་དཔལ་འབྱོར་ཐོན་ལས་འབྲེལ་ཐག་ཁུལ་བཏོད་ཡོད”ཅེས་ཤའེ་ཁང་མིན་གྱིས་བཤད།
          འགན་འཁྲི་ཡོད་པ་དང་དོན་འཁྱོལ་ཐུབ་པ་བྱས་པས་སྣོད་བཅུད་ཁོར་ཡུག་ལེགས་སུ་དང་ཕན་འབྲས་ཐོན་ཡོད་ཅིང་། གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་སྲུང་སྐྱོང་འཛུགས་སྐྲུན་དང་མཚོ་སྔོན་པོ་སྐོར་བ་དང་། ཚྭ་འདམ་སྣོད་བཅུད་སྲུང་སྐྱོང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་སོགས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་རྣམ་གྲངས་མང་པོ་ལག་ལེན་བསྟར་བ་དང་བསྟུན་ནས་ས་རྒོད་ཅན་གྱི་ས་ཞིང་རེ་རེའི་ཐོག་སྔོ་ལྗང་གོས་ཀྱིས་བཀླུབས་པ་དང་དེ་སྔ་སྐམ་ལ་ཉེ་བའི་མཚེའུ་ཡི་ཆུ་རིས་ཤིག་ཤིག་བསྐྱར་དུ་མངོན་པ་སོགས་རེད། སྲུང་སྐར་རྒྱང་ཚོར་གསར་ཤོས་ལས་མངོན་དོན། གཙང་གསུམ་ཆུ་འགོའི་ཁུལ་གྱིས་སྣོད་བཅུད་སྲུང་སྐྱོང་ལས་དོན་སྤེལ་ཚུན་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་84མང་དུ་ཕྱིན་པ་དང་། རྩྭ་ཐང་སྔོ་ཁེབས་རྒྱ་ཁྱོན་ཆ་སྙོམས་11.6%འཕར་བ། རྩྭ་ཐོན་ཚད་30%མང་དུ་ཕྱིན་པ་བཅས་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716