སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཚོ་སྔོན་གྱིས་ཏང་སྲོལ་སྤྱོད་གཙང་ལས་དོན་གྱི་ལོ་འཁོར་དཔྱད་ཞིབ་འགོ་ཚུགས་པ།
སྤེལ་དུས། 2016-12-12   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  རིན་ཆེན།
          ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་2016ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཀྱི་ཆེད་དོན་ཞིབ་བཤེར་དཔྱད་ཞིབ་ལས་དོན་བྱེད་འགོ་ཚུགས་ཤིང་། གྲོང་ཁྱེར་དང་ཀྲོའུ་8དང་ཞིང་ཆེན་ཐད་གཏོགས་ཚན་པ70ཡིས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་གཅིག་སྡུད་ཐོག་ཞིབ་བཤེར་ཞིབ་དཔྱད་བྱས་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཞིབ་བཤེར་ཞིབ་དཔྱད་ནང་། ཚོགས་ཆུང་11བཙུགས་ཏེ་ཞིང་ཨུད་ཧྲུའུ་ཅི་དང་། ཧྲེང་ཀྲང་། ཞིང་ཨུད་ཀྱི་རྒྱུན་ཨུ། ཏང་ཡོན་ཧྲེང་ཀྲང་གཞོན་པ་བཅས་ཀྱིས་སྣེ་ཁྲིད་པ་དང་། ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཙུའུ་ཀྲང་བྱས་པ། ཞིང་ཆེན་སྒྲིག་ཨུད་དང་། ཞིང་ཨུད་གཞུང་དོན་ཐིང་། ཞིང་ཨུད་རྩ་འཛུགས་པུའུ། ཞིང་ཆེན་ཐད་གཏོགས་ཚན་པའི་ལས་དོན་ཨུ་ལྷན་བཅས་ཀྱི་ལས་དོན་མི་སྣས་ཁོངས་མི་བྱས་པ་དང་། ཞིང་ཆེན་ལྟ་སྐུལ་ཞིབ་བཤེར་ཐིང་གི་ཆེད་མངགས་ལྟ་ཞིབ་པ་དང་དམངས་གཙོའི་ཏང་ཤོག་མི་སྣ་གདན་ཞུ་བྱས་ཏེ། དཔྱད་ཞིབ་ལྟ་སྐུལ་ནང་ཞུགས་པ་རེད། དཔྱད་ཞིབ་ལ“དཔྱད་ཞིབ་ཚོགས་ཆེན་འཚོགས་ནས་སྙན་ཞུ་ཉན་པ་དང་། འགན་འཁྲི་བསྒྲུབས་ཚུལ་དང་སྤྱོད་གཙང་གནས་ཚུལ་ཤོད་པ། དམངས་གཙོའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱེད་པ། མི་རེ་རེ་བྱས་ནས་གླེང་མོལ་བྱེད་པ། དཔྱད་གཞི་ལྟ་ཀློག་བྱེད་པ། ས་ཆ་དངོས་སུ་བརྟག་དཔྱད་བྱེད་པ། བསམ་འཆར་འདོན་པ”སོགས་ཀྱི་བྱེད་ཐབས་སྤྱད་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི“ཏན་ཏན་ཏིག་ཏིག་བཞིའི”མཛུབ་ཁྲིད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཚུལ་དང་སྤྱོད་གཙང་རང་གཅུན་གྱི་ཚད་གཞི་དང་། སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག འགན་འཁྲི་བདའ་འདེད་གཏོང་བའི་ལམ་སྲོལ་བཅས་སློབ་སྦྱོང་ལག་བསྟར་བྱས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་དང་། ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་གནས་ཚུལ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་འབྲེལ་ཡོད་གཏན་འབེབས་ལག་བསྟར་དོན་འཁྱོལ་གནས་ཚུལ། སྒྲིག་ཁྲིམས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཚུལ། འགོ་ཁྲིད་ཚན་ཁག་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་བཏང་ཚུལ། ཏང་སྲིད་འགོ་ཁྲིད་ཚན་ཁག་གི་འགན་འཁུར་བ་གཙོ་བོས་འགན་འཁུར་བ་ཨང་དང་པོའི་ལས་འགན་བསྒྲུབས་ཚུལ། འགོ་ཁྲིད་ཚན་ཁག་གི་ཁོངས་མིས“གནས་གཅིག་འགན་གཉིས”བསྒྲུབས་ཚུལ་དང་དེ་བཞིན་སྒྲིག་ཨུད་ཀྱིས་ལྟ་སྐུལ་འགན་འཁྲི་བསྒྲུབས་ཚུལ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་དང་ཐག་གཅོད་བྱས་ཚུལ། ཞིང་ཨུད་སྐོར་གཟིགས་སྒྲིག་གཞིས་ལབ་གླེང་ཆེ་བའི་གནད་དོན་དང་ལོ་དཀྱིལ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལ་ཞིབ་བཤེར་བྱས་ནས་ལབ་གླེང་ཆེ་བའི་གནད་དོན་དག་ཐེར་བྱས་ཚུལ་སོགས་ལ་ཞིབ་བཤེར་བྱ་རྒྱུ་རེད། དཔྱད་ཞིབ་ཁྱབ་ཁོངས་སྔར་བས་འཐུས་སྒོ་ཚང་བ་དང་། གཙོ་གནད་སྔར་བས་མངོན་གསལ་དོད་པ། ཚད་གཞི་སྔར་བས་ནན་པོ་བཅས་ཡོད། བརྟག་དཔྱད་དཔྱད་ཞིབ་འབྲས་བུ་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་དེ་བཞིན་དེའི་ཁོངས་མིའི་ལས་རྗེས་དཔྱད་འཇོག་དང་། བྱ་དགའ་སྤྲོད་པ། འདེམས་སྤྱོད་བཅས་ཀྱི་གཞི་འཛིན་ས་གཙོ་བོར་བརྩི་རྒྱུ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716