སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སི་ཁྲོན་དཀར་མཛེས་སུ་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ།
སྤེལ་དུས། 2016-12-22   ཡོང་ཁུངས། མི་དམངས་ཉིན་ཚགས   རྩོམ་སྒྲིག་པ།  རྡོ་རྗེ།
          “2020ལོར་སླེབས་སྐབས། མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་གཙོ་བོའི་དམིགས་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཐོག་རྩ་བའི་ཆ་ནས་སླེབས་ཏེ། སྤྱི་པའི་སློབ་གསོའི་ཞབས་ཞུ་ཆ་སྙོམས་ཅན་དུ་རིམ་བཞིན་འགྱུར་རྒྱུ་རེད”ཅེས་ཉེ་ཆར་སི་ཁྲོན་ཞིང་ཆེན་སྲིད་གཞུང་དྲ་ཚུགས་ཐོག《མི་རིགས་སློབ་གསོ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་པ་རེད། འདི་ནི་དུས་སྐབས་རྗེས་མའི་སི་ཁྲོན་མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་སྤྱོད་ཀྱི་སྤྱིའི་རྩ་འཛིན་ཡིན་པ་དང་། 《བསམ་འཆར》དེ་གཙོ་བོ་སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་རྫོང(གྲོང་ཁྱེར་དང་ཆུས)67དང་འབྲེལ་བ་ཡོད་པ་རེད།
          2020ལོར་སླེབས་སྐབས། མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཐོག་རྩ་བའི་ཆ་ནས་སླེབས་ཏེ། སྤྱི་པའི་སློབ་གསོའི་ཞབས་ཞུ་ཆ་སྙོམས་ཅན་དུ་རིམ་བཞིན་འགྱུར་རྒྱུ་རེད། སློབ་ཞུགས་གོང་གི་ལོ་གཅིག་གི་སྐད་གཉིས་སློབ་གསོ་ཁྱབ་གདལ་གཏོང་བ་དང་། སློབ་ཞུགས་གོང་གི་ལོ་གཉིས་ཀྱི་སློབ་གསོ་རྩ་བའི་ཆ་ནས་ཁྱབ་གདལ་གཏོང་བ། ཆ་རྐྱེན་ཡོད་པའི་ས་ཁུལ་དུ་སློབ་ཞུགས་གོང་གི་ལོ་གསུམ་གྱི་སློབ་གསོ་ཁྱབ་གདལ་གཏོང་བ་བཅས་བྱས་ནས། སློབ་ཞུགས་གོང་གི་ལོ་གཉིས་དང་ལོ་གསུམ་ནང་ན་འདྲེས་སློབ་མ་བུ་བཅོལ་ཁང་དུ་ཞུགས་ཚད་85%དང་75%སོ་སོར་ཟིན་པ་བྱ་རྒྱུ་རེད། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་ཐུབ་ཚད་95%ཟིན་པ་བྱས་ནས་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་རྩ་བའི་ཆ་ནས་ཆ་སྙོམས་འཕེལ་རྒྱས་གཏོང་བའི་དམིགས་ཚད་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད། མཐོ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་བཏང་ནས་ན་འདྲེས་སློབ་མ་སློབ་ཞུགས་ཐུབ་ཚད་90%ཡན་ཟིན་པ་བྱས་ཏེ་ལས་རིགས་ལག་རྩལ་སློབ་གྲྭ་དང་མཐོ་འབྲིང་དཀྱུས་མའི་བསྡུར་ཚད་སྤྱིར་ན་གཅིག་མཚུངས་ཡོང་བ་བྱ་རྒྱུ་རེད། མཐོ་སློབ་སློབ་གསོའི་སློབ་གཉེར་ཆུ་ཚད་དང་། སློབ་གསོའི་སྤུས་ཚད། ཀུན་ཁྱབ་ཅན་གྱི་ཆུ་ཚད་བཅས་སྔར་བས་མཐོ་རུ་བཏང་སྟེ། མི་རིགས་ས་ཁུལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་ཞབས་འདེགས་ཞུ་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་དགོས་ཞེས་ཁ་གསལ་འཁོད་ཡོད།
          མི་རིགས་མཐུན་སྒྲིལ་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་རྒྱུ་ནི་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་འགན་འཁྲི་དོན་འཁྱོལ་བྱེད་པའི་དམ་འཛིན་བྱ་གཞི་ཡིན་ཞིང་།《བསམ་འཆར》ནང་། ཆེད་འགན(གཅིག་ལྕོགས)དགེ་རྒན་མངགས་ནས་སློབ་ཆུང་གི་ལོ་རིམ་མཐོ་བ་དང་དམའ་འབྲིང་དུ་མི་རིགས་མཐུན་སྒྲིལ་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱེད་པ་དང་། མཐོ་འབྲིང་དཀྱུས་མའི་བསམ་བློ་ཆབ་སྲིད་སློབ་ཚན་ནང་གི་མི་རིགས་མཐུན་སྒྲིལ་སློབ་གསོའི་ནང་དོན་མང་དུ་གཏོང་བ། མཐོ་སློབ་དཀྱུས་མ་དང་ལས་རིགས་ལག་རྩལ་སློབ་གྲྭར་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་ཚན་བཀོད་སྒྲིག་བཅས་བྱེད་པ་དང་། འོས་འགན་སློབ་གསོའི་རིན་མི་དགོས་པའི་སློབ་གཞིའི་སློབ་དེབ་ཁྱབ་ཁོངས་སུ་མི་རིགས་མཐུན་སྒྲིལ་སློབ་གསོའི་སློབ་གཞི་འཇུག་པ། ཞིང་ཆེན་ནང་གི་དགེ་འོས་སློབ་གླིང་དུ་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་ཆེད་ལས་འཛུགས་པ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་སློབ་ཚན་གྱི་དགེ་རྒན་གསོ་སྐྱོང་བྱེད་དགོས་ཞེས་འཁོད་ཡོད།
          《བསམ་འཆར》གྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ཤིག་ནི་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྷག་པར་དུ། ཕྱོགས་ཡོངས་ནས་ཞན་ཆའི་ལྷུ་ཚིགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་སློབ་གསོ་འཕེལ་རྒྱས་གཏོང་བར་འཕྲད་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་དེ་རེད། དགེ་རྒན་གྱི་སྟོབས་ཤུགས་མི་འདང་བའི་གནད་དོན་ལ་དམིགས་ནས་བྱ་གཞག་ཚན་པའི་སྒྲིག་ཁོངས་ཀྱི་སྤྱི་འབོར་ནང་མི་རིགས་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་སྒྲིག་ཁུངས་མང་དུ་འོས་འཚམ་གཏོང་བ་དང་། ས་གནས་ཁག་དང་དགེ་འོས་སློབ་གྲྭ་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་གྱིས“གཅིག་མཁས་མང་འཇོན”གྱི་གྲོང་གསེབ་དགེ་རྒན་དང་སྐད་གཉིས་དགེ་རྒན་གསོ་སྐྱོང་དང་། དགེ་རྒན་བསྡུ་བའི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་ནས་མི་རིགས་ས་ཁུལ་གྱི་རྫོང་དབུལ་པོའི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716