སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མངའ་རིས་སུ་སྒོར་དུང་ཕྱུར་1.9བཏང་བའི་རྫ་ཆས་ཀུང་སི་བཙུགས་པ།
སྤེལ་དུས། 2016-12-23   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  རྡོ་རྗེ།
          ཉེ་ཆར། བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་པའི་ཐོག་མིང་རྟགས་བཀོད་པའི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་གྲས་ཤིག་ཡིན་པའི་ཧོ་པེ་ཐང་ཧྲན་ལུང་ཏ་རུས་རྒྱུ་རྫ་ཆས་ཚད་ཡོད་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་1.9བཏང་ནས་ཐོ་བཀོད་བྱས་པའི་མངའ་རིས“པད་མཛེས་གཅེས་ནོར”རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སི་རུ་ཐོག་རྫོང་དུ་དངོས་སུ་བཙུགས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཧོ་པེ་ཐང་ཧྲན་ལུང་ཏ་རུས་རྒྱུ་རྫ་ཆས་ཚད་ཡོད་ཀུང་སི་ནི་མིག་སྔར་འཛམ་གླིང་ཐོག་གི་རུས་རྒྱུ་རྫ་ཆས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཡིན་ཞིང་། ཀུང་སི་དེས་ཐོ་བཀོད་བྱས་ནས་བཙུགས་པའི་མངའ་རིས“པད་མཛེས་གཅེས་ནོར”རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སིས“སྲོལ་རྒྱུན་གྱི་རྫ་དཀར་རིག་གནས་དང་བོད་ཀྱི་ཡུན་རིང་གི་རིག་གནས་ཟུང་དུ་འབྲེལ་བའི”བསམ་གཞི་གཞིར་བཟུང་། རིག་གནས་ཀྱི་གཞི་རྟེན་གསར་རྐྱང་ཞིག་གཏོད་རྒྱུ་མ་ཟད། མངའ་རིས་ཀྱི་ཡུལ་སྐོར་དང་དམངས་སྲོལ་རིག་གནས་ཐོན་ཁུངས་བཅས་སྔོག་འདོན་གང་ལེགས་བྱས་ཏེ་མི་རིགས་ཀྱི་ཁྱད་ཆོས་དང་ཁྲོམ་རས་ཁས་ལེན་བྱེད་པའི་རང་བྱུང་སྣོད་བཅུད་དང་། རིག་གནས་ཡུལ་སྐོར། འཛིན་ཆས་རྩེ་གྲ་བཅས་ཀྱི་ཐོན་རྫས་ཁག་གཅིག་ཞིབ་བཟོ་དང་མངའ་རིས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་མིང་ཤོག་ཅིག་གཏོད་པར་གཞོལ་ནས་གནའ་ཉམས་དོད་ལ་ངོ་མཚར་ཆེ་བའི་མངའ་རིས་ཀྱི་སྲོལ་རྒྱུན་རིག་གནས་རྫ་དཀར་སྒྱུ་རྩལ་གྱི་ལམ་ནས་བརྩམས་ཆོས་འཛམ་གླིང་གི་ཕྱོགས་སུ་བསྐྱོད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716