སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མངའ་རིས་ཀྱིས་ཤིན་ཏུ་དཀོན་པའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ལས་དོན་སྤེལ་མགྱོགས་སུ་བཏང་བ།
སྤེལ་དུས། 2017-01-04   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རྡོ་རྗེ།
ན་ནིང་ཁྱོན་ཆེད་ལས་27གྱི་ཤིན་ཏུ་དཀོན་ལ་འཕྲལ་དུ་མཁོ་བའི་ཤེས་ལྡན་མི་སྣ་30ནང་འདྲེན་བྱས་པ།
          ཆེད་ལས་ཤེས་ལྡན་མི་སྣ་དཀོན་པའི་གནས་བབ་ཞི་ལྷོད་དུ་བཏང་ནས་ཤེས་ལྡན་མི་སྣའི་དཔུང་ཁག་གྲུབ་ཆ་ལེགས་སུ་གཏོང་བ་དང་། ཤེས་ལྡན་མི་སྣར་བརྟེན་ནས་ས་ཁུལ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་ཆེད། 2016ལོར་མངའ་རིས་ས་ཁུལ་གྱིས་2016ལོའི་པེ་ཅིང་དང་དབུས་ནུབ་རྒྱུད་ཀྱི་གཙོ་གནད་མཐོ་སློབ་ཀྱི་ཤིན་ཏུ་དཀོན་པའི་ཆེད་ལས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ལས་དོན་ཏན་ཏིག་སྤེལ་ནས། མཐོ་སློབ་27ནས་ཆེད་ལས་27གྱི་ཤིན་ཏུ་དཀོན་ལ་འཕྲལ་དུ་མཁོ་བའི་ཤེས་ལྡན་མི་སྣ་30ནང་འདྲེན་བྱས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ལས་དོན་གྱིས་འགོ་འཛུགས་ས་མཐོ་པོ་ནས་ཤེས་ལྡན་མི་སྣ་ནང་འདྲེན་གྱི་རྩ་དོན་མཐའ་འཁྱོངས་ཀྱིས་དྲ་ཐོག་ཏུ་མིང་ཐོ་འགོད་པ་དང་མཐོ་སློབ་ལས་ཞུགས་མཛུབ་ཁྲིད་ལྟེ་གནས་སུ་མིང་ཐོ་འགོད་པ་སོགས་བྱ་ཐབས་སྤྱད་དེ། ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་ནས། པེ་ཅིང་དང་དབུས་ནུབ་རྒྱུད་ཀྱི་མཐོ་སློབ་27ནས་གདམ་གསེས་དང་ནང་འདྲེན་བྱས་ཏེ། ཆེད་ལས་27གྱི་ཤིན་ཏུ་དཀོན་ལ་འཕྲལ་དུ་མཁོ་བའི་ཤེས་ལྡན་མི་སྣ་30བཀོལ་སྤྱོད་བྱས་པ་དང་དེ་དག་ལ་ཞིབ་འཇུག་སློབ་མ་7དང་། དངོས་གཞིའི་ཚན་ཁག་གི་སློབ་མ་20ཆེད་ལས་ཚན་ཁག་གི་སློབ་མ་3བཅས་གཞུང་ལས་པའི་ལས་གནས་དང་བྱ་གཞག་ཚན་པའི་ཆེད་ལས་ལག་རྩལ་ལས་གནས་སུ་ལས་བགོས་བརྒྱབ་པ་རེད། ད་ཐེངས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ལས་དོན་གཙོ་བོ་གསོ་རིག་དང་སྨན་རྫས་རིགས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ནས་འབྲེལ་ཡོད་ཆེད་ལས་མི་སྣ་6ས་ཁུལ་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་དུ་ལས་བགོས་བརྒྱབ་པ་རེད།
          མངའ་རིས་ས་ཨུད་རྩ་འཛུགས་པུའི་ཤེས་ལྡན་མི་སྣ་ཁོའོ་ཡི་ཁོའོ་ཀྲང་སྒྲོལ་དཀར་གྱིས་2016ལོར་མངའ་རིས་ས་ཁུལ་གྱི་མཐོ་སློབ་ཏུ་ཤེས་ལྡན་མི་སྣ་དཀོན་པར་དམིགས་ནས་ནང་འདྲེན་ལས་དོན་གྱི་བསམ་ཕྱོགས་གསར་གཏོད་དང་ནང་འདྲེན་གྱི་ཚད་གཞི་དམའ་རུ་བཏང་སྟེ། མཐོ་སློབ་གཙོ་བོ་ཙམ་མ་ཟད། ད་དུང་མཐོ་སློབ་དཀྱུས་མ་ནས་ནང་འདྲེན་བྱས་ཏེ་རིམ་པ་མང་བ་དང་སྣ་མང་ཅན་གྱི་ཤེས་ལྡན་མི་སྣའི་ནང་འདྲེན་ལམ་སྲོལ་བཙུགས་པ་དང་། ནང་འདྲེན་བྱ་ཡུལ་ལོ་འདི་གའི་སློབ་ཐོན་སློབ་མ་ཙམ་མ་ཡིན་པར་ཤིན་ཏུ་དཀོན་ལ་འཕྲལ་དུ་མཁོ་བའི་ཤེས་ལྡན་མི་སྣར་ནང་འདྲེན་གྱི་སྲིད་ཇུས་ཀྱི་ཚད་བཀག་ལྷུག་ཏུ་བཏང་ནས། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣ་གཙོ་གནད་ཐོག་ནང་འདྲེན་བྱས་པ་དང་། སྨན་བཅོས་ཞབས་ཞུའི་མ་ལག་གི་ཞན་ཆ་གསབ་པ། འབྲེལ་ཡོད་ཆེད་ལས་ཤེས་ལྡན་མི་སྣའི་སྟོང་ཆ་གསབ་པ་བཅས་བྱས་པར་ཕན་འབྲས་ངེས་ཅན་ཐོན་ཡོད་ཅེས་ངོ་སྤྲོད་བྱས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716