སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཡུན་ནན་བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་ཐོ་འགོད་ཐེངས་གསུམ་པ་བྱེད་འགོ་ཚུཊ།
སྤེལ་དུས། 2017-01-10   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  བདེ་སྐྱིད་ཀྱིས་བསྒྱུར།
          2017ལོའི་ཟླ་1ཚེས་1ནས་ཟླ་3ཚེས་15ཉིན་བར་བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་ཐོ་དངོས་སུ་འགོད་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་སྟོབས་ཞིབ་བཤེར་བྱེད་པའི་རྣམ་གྲངས་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་ལོ་10རེར་ཐེངས་རེ་བྱེད་ཀྱི་ཡོད། 2006ལོའི་ཟླ་8པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག》ཁྱབ་བསྒྲགས་བྱས་ནས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་དེ་ཁྲིམས་ལུགས་ཅན་གྱི་ཐབས་ལམ་ནང་འཇུག་རྒྱུ་རེད། ཞིང་ལས་ཀྱི་ཡོངས་ཁྱབ་ཞིབ་བཤེར་བྱས་ནས“ཞིང་གསུམ”གྱི་གཞི་རྩའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་པ་དང“ཞིང་གསུམ”འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་ཚུལ་ཁོང་དུ་ཡང་དག་ཆུད་པ་བྱེད་པ་དེས“ཞིང་གསུམ”སྲིད་ཇུས་ཚན་རིག་དང་མཐུན་པ་བཟོ་བ་དང་ཞིང་ལས་དེང་རབས་ཅན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།
          བདེ་ཆེན་ཁུལ་གྱིས་2015ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་གྲ་སྒྲིག་བྱེད་འགོ་ཚུགས་པ་དང་། 2016ལོར་མཐིལ་རྟོགས་བྱེད་འགོ་ཚུགས་པ། 2017ལོར་དངོས་སུ་བརྟག་དཔྱད་བྱེད་པ། 2018ལོར་བེད་སྤྱོད་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་གཞིའི་ཡིག་རིགས་གསར་སྤེལ་བྱ་རྒྱུ་བཅས་རེད། 2015ལོའི་ཟླ་10པ་ནས་བཟུང་བདེ་ཆེན་ཀྲོའུ་ཡི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚོགས་ཆུང་གིས་སྤྱོད་གོ་ཆོད་པའི་བྱ་ཐབས་ཏན་ཏིག་སྤྱད་དེ་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི“སྒྲིག་གཞི་འཛུགས་པ་དང་། འགྲོ་གྲོན་སྔོན་རྩིས། མི་སྣ་དོན་འཁྱོལ། ནང་ཁུལ་དུ་ལས་བགོས་ཁག་དབྱེ”སོགས་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་སྐུལ་མ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་བཏང་བས་ལས་དོན་ཧྲིལ་པོའི་འཕེལ་རིམ་བདེ་བླག་བྱུང་ཡོད་པ་རེད།
          ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་བྱེད་ཁོངས་སུ་ཞིང་ལས་དང་གྲོང་གསེབ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་བརྟག་དཔྱད་བྱ་ཡུལ་རིགས་ཆེན་པོ་5ཡོད་པ་དེ་ལས་ཞུགས་པའི་གཞི་རྩའི་གནས་ཚུལ་དང་། ས་ཆ་བེད་སྤྱོད་དང་བརྒྱུད་བཤུག ཐོན་སྐྱེད་དང་གྲུབ་ཆ། གྲོང་གསེབ་གསར་པ་འཛུགས་སྐྲུན་སོགས་ཕྱོགས་10ལྷག་ཙམ་ལ་ཁྱབ་ཡོད། ཡོངས་ཁྱབ་ཞིབ་བཤེར་བྱ་ཐབས་སུ་དེང་རབས་ཆ་འཕྲིན་ལག་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་བརྟག་དཔྱད་བྱས་ཏེ་རྒྱང་ཚོར་དང་། ལག་ཁྱེར་རིག་ནུས་གཞི་གྲངས་འཚོལ་བསྡུའི་མཐའ་སྣེ(PDA)དང་གྲོང་གསེབ་ཀྱི་གཞི་གྲངས་ཡོངས་ཁྱབ་ཞིབ་བཤེར་གྱི་དྲ་སྦྲེལ་ཐད་གཏོང་སོགས་དེང་རབས་ཆ་འཕྲིན་ལག་རྩལ་བེད་སྤྱོད་ཐད་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད་པ་དེ་ཀྲོའུ་དེ་ཡོངས་ཀྱི་གྲོང་ཁྱེར་གཅིག་དང་རྫོང་གཉིས་ཀྱི་ཤང་དང་གྲོང་རྡལ་29དང་གྲོང་ཚོ(གྲོང་ལྷན)ཨུ་ཡོན་ལྷན་ཁང་192ལ་ཁྱབ་ནས་ཁྱོན་ཡོངས་ཁྱབ་ཞིབ་བཤེར་ཁུལ་ཆུང་721དང་། ཞིང་དུད་80499 གྲོང་གསེབ་མི་འབོར་ཁྲི་32ལྷག་ཙམ་ལ་ཕྱེ་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716