སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མངའ་རིས་ཀྱིས་དངུལ་རྩའི་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་བ།
སྤེལ་དུས། 2017-01-17   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  རིན་ཆེན།
          བོད་ཀྱི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་རོགས་སྐྱོར་སྲིད་ཇུས་དང་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་སྲིད་ཇུས་ཡག་པོ་དང་། ལྷུག་པོ་ཏན་ཏིག་བཅས་སྤྱོད་ཐུབ་པ་བྱ་ཆེད། མངའ་རིས་ས་ཁུལ་གྱིས་དངུལ་བུན་སྐྱེད་གསབ་དང་། འགྲོ་གྲོན་འགན་ལེན་གྱི་ཁ་གསབ་རོགས་དངུལ། ཁྲལ་བསྡུའི་གཟིགས་སྐྱོང་། བྱ་དགའི་ཁ་གསབ་སོགས་བྱ་ཐབས་སྣ་མང་ཕྱོགས་བསྡུས་ཐོག་སྤྱད་ནས། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་དང་། ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཕྱོགས་ཁག་བདུན་གྱི་བླང་བྱར་དམ་པོར་དམིགས་ཏེ། དངུལ་རྩའི་སྦྲེལ་མཐུད་ཕྱོགས་ཡོངས་ནས་ཡག་པོ་བྱེད་པ་དང་། ས་ཁུལ་དབུལ་པོར་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྣ་མང་ཅན་གྱི་གནད་སྨིན་དབུལ་སྐྱོར་གྱི་དངུལ་རྩའི་ཞབས་ཞུའི་མ་ལག་འཛུགས་པ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་་བ་བཅས་བྱས་ཡོད་པ་རེད།
          ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དབུལ་སྒྲོལ་གྱི་དགོས་མཁོར་དམ་པོར་དམིགས་ནས“དངུལ་བུན་གཏོང་དགོས་རིགས་ལ་དངུལ་བུན་གཏོང་གང་ཐུབ་བྱེད་པའི”རྩ་དོན་གཞིར་བཟུང་། “གནད་སྨིན་དབུལ་སྐྱོར་གྱི་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་འདུ་འགོད”ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྒོར་ཁྲི་8མན་དང་ལོ་གསུམ་ནང་གྲངས་ཉུང་ཡིད་རྟོན་དངུལ་བུན་གཏོང་བ་དང་། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་དཀའ་ངལ་ཡོད་པའི་མང་ཚོགས་དབུལ་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་བྱེད་པའི་ཞིང་འབྲོག་ཁེ་ལས་དང་མཉམ་ལས་ཁང་སོགས་གྲོང་གསེབ་གཉེར་སྐྱོང་གི་བྱེད་པོ་གསར་པར་གཟིགས་སྐྱོང་དངུལ་བུན་སྲིད་ཇུས་ལག་བསྟར་བྱེད་པ། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་སྤྱིའི་འཆར་འགོད་གྱི་དགོས་མཁོར་དམིགས་ནས་ལས་གྲྭ་འཛུགས་སྐྲུན་དང་གནས་སྤོས་རྗེས་མི་སྣ་བཀོད་སྒྲིག་ཐད་མ་དངུལ་མཉམ་བསྡུའི་འགན་ལེན་ཧུར་ཐག་བྱེད་པ། ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་འཛུགས་སྐྲུན་གྱི་དགོས་མཁོར་དམིགས་ནས་དངུལ་རྩའི་སྲིད་ཇུས་ཐད་གཙོ་གནད་རྒྱབ་སྐྱོར་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་སྣ་མང་ཅན་གྱི་འགན་བཅོལ་གྱི་དགོས་མཁོར་དམིགས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས“གནོད་འཚེས་རྐྱེན་པས་དབུལ་པོ་ཆགས་པ་དང་གནོད་འཚེས་རྐྱེན་པས་སླར་ཡང་དབུལ་པོ་ཆགས་པའི”གནས་ཚུལ་མི་ཐོན་པ་བྱ་ཆེད། ནད་གཞི་ཚབས་ཆེན་འགན་བཅོལ་དང་ནད་གཞི་དང་རྨས་སྐྱོན་ཕོག་པའི་རྐྱེན་གྱིས་གྲོངས་པའི་འགན་བཅོལ་སོགས་འགན་བཅོལ་ལས་སྒོ་རྒྱ་ཆེར་བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཚང་མ་ཚོང་ལས་འགན་བཅོལ་གྱི་ཁྱབ་ཁོངས་ནང་འཇུག་རྒྱུ་དང་འབྲེལ་འགན་བཅོལ་མ་འཇོག་བྱེད་ཚད་ཆེ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཞུགས་གཞན་སྒྱུར་དགོས་མཁོར་དམིགས་ནས“ཁག་ཐེག་དངུལ་རྩའི་ཡིད་རྟོག་དངུལ་བུན”སོགས་དངུལ་རྩའི་རྣམ་གྲངས་མང་པོ་དོན་འཁྱོལ་བྱས་ནས་དུད་ཚང་དབུལ་པོ་ལས་གཏོད་ལས་ཞུགས་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་དབུལ་སྒྲོལ་ཐུབ་རྒྱུ་མངོན་འགྱུར་ཡོང་བ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་ཁྱེར་དང་གྲོང་རྡལ་གསར་པ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་ཕན་ཚུན་ཟུང་འབྲེལ་བྱེད་པའི་བླང་བྱར་དམིགས་ནས་ཀུན་ཕན་རང་བཞིན་གྱི་དངུལ་རྩའི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716