སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སི་ཁྲོན་རྔ་པ་སོཊ་ཀྱིས་རིག་གནས་དམངས་ཕན་བྱེད་སྒོ་སྤེལ་ནས་དཔྱིད་གསར་གྱི་སྟོན་མོ་གཟབ་རྒྱས་གཤོམ་འགོ་ཚུཊ།
སྤེལ་དུས། 2017-01-20   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  རིན་ཆེན།
          ཉེ་ཆར། གསར་འགོད་པར་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་གསལ། 2017ལོའི་དཔྱིད་གསར་དུས་ཆེན་རིང་སི་ཁྲོན་ས་གནས་ཁག་གིས་རིག་གནས་དམངས་ཕན་བྱེད་སྒོ་ཐེངས་1800སྤེལ་ནས་མང་ཚོགས་ཚོར་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་གཤོམ་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་ས་གནས་ཁག་གིས“རིག་གནས་གཤམ་སྤེལ”དང“རིག་གནས་གཞི་རིམ་དུ་སྤེལ་བ”སོགས་ཀྱི་བྱེད་སྒོ་དང་ས་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་སྤུས་ཚད་མཐོ་བའི་རིག་གནས་བྱེད་སྒོ་ཐེངས་མང་སྤེལ་རྒྱུའི་ནང་ཞིང་ཆེན་ཐད་གཏོགས་རིག་གནས་འཁྲབ་སྟོན་ཚན་པས་སྒྲིག་འཛུགས་བྱས་པའི་ཆུ་ཚད་མཐོ་བའི་འཁྲབ་སྟོན་དང་གྲོང་ཁྱེར་དང་ཀྲོའུ་ཁག་གི་སྤུས་རྟགས་རང་བཞིན་གྱི་རིག་གནས་བྱེད་སྒོ་110ཚུད་ཡོད་པ་སྟེ། ཏེ་དབྱང་མན་ཀྲུའུ་གྲོང་ཁྱེར་གྱི་ལོ་གསར་རི་མོ་བརྗོད་བྱ་གཙོ་བོར་བྱེད་པའི་ལྒང་ཞུའི་དུས་ཆེན་དང་། རྔ་པ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཀྲོའུ་ཡི“སྒོར་གཞས་མཚན་ཚོགས” ཙི་ཀུང་གྲོང་ཁྱེར་གྱི“2017ལོའི་རུང་རྫོང་གི་ལྷ་ཆེན་པོའི་ལྒང་ཞུའི་དུས་ཆེན་གྱི་རིག་གནས་བྱེད་སྒོ་རབ་དང་རིམ་པ”སོགས་རེད།
          མང་ཚོགས་ཞུགས་ཚད་མང་བ་ནི་འདི་ལོའི་རིག་གནས་དམངས་ཕན་བྱེད་སྒོའི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ཞིང་། ས་གནས་དང་སྡེ་ཚན་ཁག་གིས་མང་ཚོགས་རྒྱ་ཁྱབ་ངང་སྒྲིག་འཛུགས་བྱས་ནས་རྙིང་སྐྱེལ་གསར་བསུའི་རིག་རྩལ་བྱེད་སྒོའི་གྲ་སྒྲིག་དང་ནང་སྦྱོང་ནང་ཞུགས་ཡོད་པ་དང་། ཕན་ཀྲི་ཧྭ་གྲོང་ཁྱེར་གྱི“ལོ་གསར་ལ་རྟེན་འབྲེལ་ཞུ་བའི་རྐད་རྔའི”འཁྲབ་སྟོན་དང་། གཡག་རྔ་གྲོང་ཁྱེར་གྱི“གར་སྟེགས་ཆེན་པོའི་ཐོག་དགའ་བས་མྱོས”ཞེས་པའི་ལོ་གསར་རོལ་དབྱངས་འདུ་ཚོགས། ལེ་ཧྲན་གྲོང་ཁྱེར་ཧྲ་དབན་ཆུས་ཀྱི“འབྲུག་རྩེད་དང་སེང་རྩེད་འཁྲབ་ནས་དང་པོའི་བཅོ་ལྔའི་དགོང་མོ་བསུ” ལུའུ་ཀྲོའུ་གྲོང་ཁྱེར་གྱི“ལུའུ་རྫོང་གི་2017ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་འདུ་ཚོགས”བཅས་ཚང་མ་དཔྱིད་གསར་དུས་ཆེན་རིང་སི་ཁྲོན་གྱི་ས་གནས་ཁག་ཏུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716