སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ན་ནིང་མཚོ་སྔོན་གྱི་འབྲེལ་གཏུག་བྱ་ཡུལ་གྱི་རོགས་སྐྱོར་ལས་དོན་དེ་ཉིད་ཚང་མར་ཁྱབ་པ།
སྤེལ་དུས། 2017-02-15   ཡོང་ཁུངས། མཚོ་སྔོན་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རིང་གིས་བསྒྱུར།
          2016ལོར་མཚོ་སྔོན་ཞིང་ཆེན་གྱིས་འགོ་ཁྲིད་ལས་བྱེད་པས་རྫོང་དང་ཤང་ལ་འབྲེལ་བ་བྱས་ནས་གྲོང་ཚོ་འགན་གཙང་ལེན་པའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་སྡོད་རོགས་སྐྱོར“123”གྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང“བརྒྱ་གཉིས”ཀྱི་གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ཏན་ཏིག་སྤེལ་བས་ལོ་ཧྲིལ་པོར་འབྲེག་གཏུག་བྱ་ཡུལ་གྱི་རོགས་སྐྱོར་གྲོང་ཚོ་དབུལ་པོ་ཡོངས་ལ་ཁྱབ་པ་རེད།
          མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་འགོ་ཁྲིད་དེ། གྲོང་ཁྱེར་དང་ཀྲོའུ་8ཁག་བགོས་འགན་གཙང་བླངས་ཏེ། ཞིང་ཆེན་རིམ་པའི་འགོ་ཁྲིད་39ཡིས་གནས་གཏན་འཁེལ་གྱི་རྫོང་དབུལ་པོ་39ལ་འབྲེལ་བ་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་གཙོ་བོར་བྱས་པས་གཙོ་གནད་རྫོང་དང་ཡུལ་འབྲེལ་གྱི་རྫོང་ཁྱོན་ཡོངས་ལ་ཁྱབ་ཅིང་། ཞིང་ཆེན་ཡོངས་སུ་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་འབྲེལ་གཏུག་བྱ་ཡུལ་1310(ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་འབྲེལ་གཏུག་བྱ་ཡུལ་གྲོང་ཁྱེར་དང་། ཀྲོའུ། རྫོང་དང་། གྲོང་ཁྱེར་དང་ཀྲོའུའི་འགོ་ཁྲིད་ཀྱི་འབྲེལ་གཏུག་བྱ་ཡུལ་ཤང་དང་གྲོང་རྡལ)བཙུགས་ནས་ལོ་རེར་ཐེངས་གཉིས་ནས་གསུམ་བར་དངོས་སུ་བསྡད་དེ་ཞིབ་འཇུག་མཐའ་འཁྱོངས་ཀྱིས་མངོན་གསལ་དོད་པའི་དཀའ་ངལ་དང་གནད་དོན་སེལ་རོགས་བྱས་པ་རེད།
          གྲོང་སྡོད་རོགས་སྐྱོར“123”གྱི་ལས་ཀའི་ལམ་སྲོལ(“འབྲེལ་གཏུག་བྱ་ཡུལ་གཅིག་དང་། རོགས་སྐྱོར་གཉིས། བཅོས་སྐྱོང་གསུམ”གྱི་ལས་ཀའི་ལམ་སྲོལ)ལ་སྐུལ་མ་ཏན་ཏིག་བཏང་ནས་ཞིང་ཆེན་ཡོངས་སུ་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར(གྲོང་སྡོད)ལས་བྱེད་པ་7865བཏང་ནས་གྲོང་ཚོ་དབུལ་པོར་བཅའ་སྡོད་ལས་དོན་རུ་ཁག་ཚང་མར་ཁྱབ་པ་དང་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ཁྲི་9.7གྱིས་དུད་ཚང་དབུལ་པོའི་ཐེམ་དུད་ཁྲི་13.2ལ་ཆ་སྒྲིག་རོགས་སྐྱོར་བྱས་ནས“རོགས་སྐྱོར་གཉིས”ཀྱི་ལས་དོན་ཚང་མར་ཁྱབ་པ་མ་ཟད། གོང་གི་རྨང་གཞིའི་ཐོག མགོ་ལོག་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་གྲོང་ཚོ་དབུལ་པོར་ཧྲུའུ་ཅི་དང་པོ་བཏང་ནས་སྲིད་འཛིན་གྲོང་ཚོ་ཡོངས་ལ་ཧྲུའུ་ཅི་དང་པོ་ཡོད་པ་དང་། དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་གྲོང་སྡོད་རོགས་སྐྱོར“གཅིག་རེ་ལྔའི”ལས་ཀའི་ལམ་སྲོལ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་ཁས་ལེན་གང་ལེགས་ཐོབ་པ། ལོ་ཧྲིལ་པོར་ཧྲུའུ་ཅི་དང་པོ་140དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་266བཀུག་པ་དང་ལེགས་སྒྲིག་བྱས་པ་བཅས་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716