སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀན་ལྷོར་ས་མཐོའི་བོད་རིགས་གྲོང་ཚོའི་རྣམ་པ་གསར་པ་མངོན།
སྤེལ་དུས། 2017-02-16   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  བསོད་ནམས་ཀྱིས་བསྒྱུར།
          དགུན་དུས་གཙོས་གྲོང་ཁྱེར་སྣ་བུག་ཤང་ལ་རྩ་གྲོང་མདའི་དར་ལྕོག་ལྷབ་ལྷུབ་ཏུ་གཡོ་བ་དང་རྒྱ་ཆེ་ཞིང་གཙང་བའི་སྲང་ལམ་དེ་བརྒྱུད་ནས་མདུན་སྐྱོད་བྱེད་སྐབས་བོད་རྒྱ་ཡིག་རིགས་གཉིས་ནས་བྲིས་པའི“སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ”ཞེས་པའི་རྡོ་བརྐོས་བྱང་བུས་མིག་གི་དབང་པོ་ཅིག་ཅར་དུ་འཕྲོག གྲལ་སྟར་སྒྲིག་པའི་བོད་བཟོའི་སྡོད་ཁང་སྟར་པ་རེ་རེ་དང་གསར་དུ་བསྐྲུན་པའི་རིག་གནས་ཐང་ཆེན་དུ་ཕྲུ་གུ་རྣམས་རྩེད་འཇོར་རོལ་བ་ལས་དེང་རབས་ཀྱི་ཉམས་འགྱུར་གང་ལེགས་མངོན།
          གལ་ཏེ་གྲོང་མི་སྐལ་བཟང་ཚེ་བརྟན་གྱི་ཁྱིམ་དུ་སྐྱོད་སྐབས་འདི་ལོ་ཉམས་བཟོ་བྱས་པའི་སྡོད་ཁང་རྒྱ་ཆེ་ཞིང་གཙང་སྦྲ་དོད་ལ་ཐབ་ཚང་གི་ཐབ་ཆས་ཚང་མ་འོད་ཐིང་ངེར་སྣང་།
          “གལ་ཏེ་གྲོང་མི་གཞན་དག་གིས་སོལ་རླངས་ཐབ་སྤྱད་ནས་ཡག་པོ་འདུག་ཟེར་ན་ང་རང་ཡང་འདི་ལོའི་དབྱར་ཁར་བེད་སྤྱོད་བྱེད་རྩིས་ཡོད”ཅེས་སྐལ་བཟང་ཚེ་བརྟན་གྱིས་བཤད།
          ལ་རྩ་གྲོང་ཚོ་ནི་གཙོས་གྲོང་ཁྱེར་གྱིས་2016ལོར་ལག་ལེན་བསྟར་བའི་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་ཞིང་འབྲོག་གྲོང་ཚོའི་གྲས་ཤིག་ཡིན་ཞིང་། རྩྭ་ཐང་གི་འབྲོག་པའི་གྲོང་ཚོ་དེའི་རྣམ་པ་གསར་པ་གཏོད་ཆེད། ན་ནིང་གྲོང་ཚོའི་ནང་ཉེན་ཡོད་སྡོད་ཁང་རྙིང་པ་སྒྱུར་བཀོད་ལས་གྲྭ་ལག་བསྟར་བྱས་ནས་དུད་ཚང་28ཀྱི་གྲོང་ཁྱེར་སྡོད་ཁང་སྒྱུར་བཀོད་བྱས་པ་མ་ཟད། དུད་ཚང་རེར་གསང་སྤྱོད་དང་། ལྷས་ར། ནུས་རྒྱུའི་གྲོན་ཆུང་ཐབ་བཅས་སྒྱུར་བཀོད་བྱ་རྒྱུའི་ཐད་ཁ་གསབ་དངུལ་སྒོར་ཁྲི་1.5སྤྲད་པ་རེད།
          ཁོར་ཡུག་ལེགས་སུ་ཕྱིན་པས་གྲོང་མི་ཚོས་མ་འོངས་འཚོ་བར་རེ་བས་ཁེངས།
          “ངས་ལྕགས་གཞོང་རླངས་འཁོར་གཅིག་ཉོ་རྩིས་ཡོད། ཡོང་འབབ་རག་རྗེས་ཕྲུ་གུ་3སློབ་ཆེན་དུ་གཏོང་རྩིས་ཡོད”ཅེས་སྐལ་བཟང་ཚེ་བརྟན་གྱིས་རང་ཉིད་ཀྱི་ལོ་གསར་པའི་བསམ་འདུན་བཤད། དེ་གོང་ཁོང་ཨར་ལས་བྱ་ཡུལ་དུ་གླ་མི་བྱེད་ཀྱིན་དུ་ལག་ཤེས་སྦྱངས་སྟབས་ད་ཆ་ཞལ་དཔོན་ཞིག་ཏུ་གྱུར་ནས་ཉིན་རེར་གླ་ཆ་སྒོར་180ཡོད། ན་ནིང་། ཁོང་ད་དུང་གྲོང་ཚོས་སྒྲིག་འཛུགས་བྱས་པའི་ཞིང་འབྲོག་པའི་གསོ་སྦྱོང་ལ་ཞུགས་པས་ཞིང་སྤྱོད་འཁོར་ལོ་ཉམས་བཟོའི་ལག་ཁྱེར་ཐོབ་ཡོད། ཁོང་གིས་རང་ཉིད་ཀྱི་འབད་བརྩོན་བརྒྱུད་ཕྲུ་གུ་ཚོར་དེ་བས་ལེགས་པའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་གཏོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
          གྲོང་མི་ཨུ་རྒྱན་བསྟན་འཛིན་གྱི་ཁྱིམ་དུ་འབྱོར་སྐབས། ཁོང་གིས་བུ་དང་མནའ་མ་དང་མཉམ་དུ་སྣུམ་བསྲེགས་བག་ལེབ་བཟོ་བཞིན་འདུག་པས་ཁང་པའི་ནང་སྣུམ་གྱི་དྲི་མས་ཁེངས། ཁོང་གི་ཐོག་སོ་གཉིས་པའི་མཛོད་ཁང་ནང་ལོ་གསར་གྱི་ཤ་སྐམ་པོ་དང་རྒྱུ་མ་བཞག་འདུག
          “དེ་གོང་གི་འཚོ་བ་དང་ད་ལྟའི་འཚོ་བ་བསྡུར་ག་ལ་ཐུབ”ཅེས་ཨུ་རྒྱན་བསྟན་འཛིན་གྱིས་བཤད། དེ་གོང་ཁོང་ལ་ཐོག་གཅིག་མའི་ཁང་པ་ཐབས་ཆག་གཅིག་ལས་མེད། 2012ལོར་ཁོང་གིས་ཐོག་སོ་གཉིས་ལྡན་གྱི་ཁང་པ་དེ་བརྒྱབ་པ་དང་། བུས་ལྕགས་གཞོང་རླངས་འཁོར་བཏང་ནས་ཟླ་རེར་ཡོང་འབབ་སྒོར་3000ཡོད་པ་མ་ཟད། ཁོང་ཡང་ཨར་ལས་བྱ་ཡུལ་དུ་ལས་ཀར་ཕྱིན་ན་ཉིན་རེར་སྒོར་100རག་གི་ཡོད།
          “ད་ཆ་གྲོང་ཚོ་འཛུགས་སྐྲུན་ཡག་པོ་དེ་འདྲ་བྱས་ཡོད་པས་དེ་གར་ཡུལ་སྐོར་བྱེད་པར་ཡོང་མཁན་ཇེ་མང་དུ་འགྲོ་གི་འདུག ཕྱིས་སུ་ངས་ཀྱང་ཞིང་པའི་སྤྲོ་སྐྱིད་ཁང་ཞིག་རྒྱག་རྩིས་ཡོད”ཅེས་ཨུ་རྒྱན་བསྟན་འཛིན་གྱིས་བཤད། གྲོང་མི་ཚོས་ཤ་མོག་དང་གྲོ་མ་འབྲས་སིལ་བཟོ་མཁས་པོ་ཡོད་པས་གྲོང་ཚོར་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད།
          གཙོས་བོད་རིགས་སློབ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་པའི་རྡོ་རྗེ་རིན་ཆེན་ནི་ཨུ་རྒྱན་བསྟན་འཛིན་གྱི་ཚ་བོ་རེད། ཁོང་གི་འདུན་པ་ཆེ་ཤོས་ནི་སློབ་ཆེན་ཐོན་རྗེས་དགེ་རྒན་ཞིག་བྱས་ནས་ཕྲུ་གུ་དེ་བས་མང་བར་ཡི་གེ་སློབ་རྒྱུ་དེ་རེད། ཁོང་གིས་གྲོང་ཚོའི་འཕེལ་རྒྱས་ཐད་རིག་གནས་ཡོད་པའི་མི་དགོས་པས་ན་གཞོན་ཚོ་ནི་གྲོང་ཚོའི་རེ་བ་ཆེ་ཤོས་རེད་ཅེས་བཤད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716