སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ནུས་ཤུགས་ཡོད་རྒུས་དམངས་ལ་བྱ་བ་བསྒྲུབས།
སྤེལ་དུས། 2017-02-16   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོ།
སྤུ་ཧྲེང་རྫོང་སྐྱིད་ཐང་གྲོང་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག་གིས།
          2016ལོ་ནས་བཟུང་། ཁག་ལྔ་པའི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་སྐྱིད་ཐང་གྲོང་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལ་ནན་པོ་གཞིགས་པ་དང་མངའ་རིས་ས་ཁུལ་གྱི་རྨང་བརྟན་དམངས་ཕན་གྱི“5+2+1”གི་ལས་འགན་ཁག་བརྒྱད་ལ་དམ་པོར་དམིགས་ཏེ་སྐྱིད་ཐང་གྲོང་ལྷན་འཕེལ་རྒྱས་གཏོང་བའི་དོན་དངོས་དང་ཟུང་འབྲེལ་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཞིང་། དཀའ་ངལ་ལ་མི་འཛེམས་པ་དང་། ལས་གནས་བརྟན་སྲུང་། ལས་དོན་ཏན་ཏིག་བཅས་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
          གྲོང་ཚོར་བཅའ་སྡོད་བྱས་པ་ནས་བཟུང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དུས་ཡུན་གཟའ་འཁོར་གསུམ་གྱི་ནང་གྲོང་ལྷན་དེའི་དུད་ཚང་217དུ་བཅར་འདྲི་དང་བརྟག་དཔྱད་བྱེད་པར་བསྐྱོད་ཅིང་། མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་དབུལ་པོའི་ཁྱིམ་དུ་མཐིལ་རྟོགས་བརྟག་དཔྱད་དང་དབུལ་པོར་གྱུར་རྐྱེན་བརྟག་དཔྱད་མཐའ་གཅིག་ཏུ་བྱས་པ་རེད།
          གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་རྗེས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས་སྐྱིད་ཐང་གྲོང་ལྷན་གྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་གྲོང་ལྷན་དེ་ཉིད་རྫོང་དེ་ཡོངས་ཀྱི“ཡུལ་སྐོར་དཔེ་སྟོན་གྲོང་ཚོ(གྲོང་ལྷན)དང་དབུལ་སྒྲོལ་དཔེ་སྟོན་གྲོང་ཚོ(གྲོང་ལྷན)”གཏོད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་ཡོད་པ་རེད།
          གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གོང་རིམ་གྱི་བླང་བྱ་གཞིར་བཟུང་། སྤུ་ཧྲེང་རྫོང་ལ《2016ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་བཏོན་པའི་སྐྱིད་ཐང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་བསམ་འཆར》གོང་ཞུ་བྱས་པ་དང་། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ལ《སྤུ་ཧྲེང་རྫོང་གི་མཐའ་མཚམས་ཡུལ་སྐོར་དང་བརྟན་ལྷིང་སྲུང་སྐྱོང་གི་བརྟག་ཞིབ་གནས་ཚུལ་སྙན་ཞུ》གོང་ཞུ་བྱས་པ། འབྲེལ་ཡོད་དྲིལ་བསྒྲགས་དང་དམངས་ཕན་དཔྱད་གཞི་2000ལྷག་ཙམ་མང་ཚོགས་90%ཡན་ལ་སྤྲད་པས་མང་ཚོགས་ཀྱི་བསམ་བློར་སྔར་བས་བཅིངས་འགྲོལ་ཐོབ་སྟེ་རྒྱ་ཆེའི་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བའི་དད་སེམས་དེ་བས་བརྟན་དུ་སོང་ཡོད།
          2016ལོའི་ཟླ་4པའི་ཟླ་འགོ་ནས་ཟླ་5པའི་ཟླ་དཀྱིལ་བར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྫོང་དབུལ་སྐྱོར་བསྡོམས་རྩིས་གྲལ་བཤེར་ལས་དོན་ཚོགས་ཆུང་དང་གྲོང་ལྷན་ལ་གཞོགས་འདེགས་ཀྱིས་མི་འབོར་དབུལ་པོར་སླར་ཡང་གྲལ་བཤེར་དང་བསྡོམས་རྩིས་བྱས་ནས་མཐར་དུད་ཚང་དབུལ་པོ་30བདམས་ཡོད། ཟླ་5པའི་ཟླ་མཇུག་ནས་ཟླ་6པའི་ཟླ་མཇུག་བར་རྫོང་སྐབས་བརྗེའི་ལས་དོན་ཚོགས་ཆུང་ལ་གཞོགས་འདེགས་ཀྱིས་སྐྱིད་ཐང་གི་འདེམས་དམངས་བསྡོམས་རྩིས་དང་། སྐབས་བརྗེའི་སྲིད་ཇུས་དང་སྒྲིག་ཁྲིམས་དྲིལ་བསྒྲགས། འདེམས་བསྐོ་སྒྲིག་འཛུགས་དང་སྤྱི་བསྒྲགས་སོགས་ཀྱི་ལྷུ་ཚིགས་ཧྲིལ་པོར་ཞུགས་པས་སྐྱིད་ཐང་གྲོང་ལྷན་གྱི་ཤང་གྲོང་ཚང་མའི་སྐབས་བརྗེའི་ལས་དོན་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།
          དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས“དྲོ་སྐྱིད་སྦྱིན་པ་དང་ཏང་གི་བཀའ་དྲིན་ཚོར་བ་བྱེད་པ”སོགས་ཀྱི་དུད་ཚང་དབུལ་པོ་དང་། “མི་སྣ་རྒན་གྲས་གསུམ”གྱི་མི་སྣ། ཁོངས་གཏོགས་ཀྱི་དགོན་སྡེ་སོགས་ལ་བཅར་འདྲི་དང་འཚམས་འདྲི་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཁྱོན་དུད་ཚང་41ལ་བཅར་འདྲི་བྱས་པ་དང་འཚམས་འདྲིའི་དངུལ་སྒོར་16400སྤྲད་དེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཞིང་འབྲོག་པས་དུས་ཐོག་ཏུ་ཚོར་ཐུབ་པ་བྱས་པ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ལ“ཏང་ཡོན་ལས་བྱེད་པའི་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི་བྱེད་སྒོ”སྤེལ་རོགས་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་རྣམ་པར་བརྟེན་ནས་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པས་ལོ་ལྟར་སྒོར་6000དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པས་ལོ་ལྟར་སྒོར་3000 ལས་བྱེད་པ་དཀྱུས་མས་ལོ་ལྟར་སྒོར་1500བཅས་ཀྱི་རོགས་སྐྱོར་ཚད་གཞིའི་ཐོག་ནས་གྲོང་ལྷན་གྱི་དུད་ཚང་དབུལ་པོ་15དབུལ་སྒྲོལ་ཐུབ་པ་བྱས་ཐོག་དུད་ཚང་དབུལ་པོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རོགས་རམ་ཚོར་ཐུབ་པ་བྱས་པ་རེད།
          སྐྱིད་ཐང་གྲོང་ལྷན་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་ཆེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བརྟག་ཞིབ་གཏིང་ཟབ་དང་བརྡར་གཅོད་ཡང་ཡང་བྱས་ནས་མང་ཚོགས་ལ་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་དཀའ་ངལ་དང་གནད་དོན་དང་ཟུང་འབྲེལ་གྱིས་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ལ་ཡུལ་སྐོར་ཐོན་ལས་ཀྱི་གནད་སྨིན་དབུལ་སྐྱོར་རྣམ་གྲངས་1ཡིག་ཐོག་སྙན་ཞུ་ཕུལ་བ་དང་། མི་རིགས་ཆོས་ལུགས་སྡེ་ཚན་ལ“མཐའ་དར་དམངས་ཕྱུག”གི་རྣམ་གྲངས་4ཡིག་ཐོག་སྙན་ཞུ་ཕུལ་བ། དབུལ་སྐྱོར་སྡེ་ཚན་ལ་རྣམ་གྲངས་གཉིས་ཡིག་ཐོག་སྙན་ཞུ་ཕུལ་བ། རིག་གནས་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་དང་། འགྲིམ་འགྲུལ། ཆུ་བེད། ཞིང་འབྲོག་བཅས་སྡེ་ཚན་སོ་སོར་རྣམ་གྲངས་རེ་ཡིག་ཐོག་སྙན་ཞུ་ཕུལ་བ་བཅས་རེད། གོང་གསལ་གྱི་རྣམ་གྲངས་དེ་དག་ལ་ཁྱོན་མ་དངུལ་སྒོར་ཁྲི་1800ལྷག་ཙམ་བཏང་ཡོད་པ་རེད།
          མང་ཚོགས་དེ་བས་མང་བ་གྲོང་གསེབ་ཀྱི་ཡུལ་སྐོར་གྱི་ཞབས་ཞུའི་ནང་ཞུགས་ནས་ཡུལ་སྐོར་ལ་བརྟེན་ནས་འབབ་འཕར་ཡོང་བ་བྱེད་པའི་ཁོང་ཚོའི་ཧུར་སེམས་ཆེ་རུ་འགྲོ་བ་བྱ་ཆེད། གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ལས་དོན་རུ་ཁག་གིས་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ཏང་ཙུའུ་ལ་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་། ཕྱུག་འགྱུར་འཇོན་ཐང་ཅན། དུད་ཚང་དབུལ་པོའི་འཐུས་མི་བཅས་གཙོ་བོར་བྱེད་པའི་གྲོང་གསེབ་ཡུལ་སྐོར་གྱི་གསོ་སྦྱོང་རྣམ་གྲངས་ཀྱི་སྙན་ཞུ་ཕུལ་ནས་གྲོང་ཚོ(གྲོང་ལྷན)གསུམ་གྱི་ཁྱོན་མི་གྲངས་21ཞུགས། དེའི་ནང་སྐྱིད་ཐང་གྲོང་ལྷན་གྱི་མི་7ལ་2016་ལོའི་ཟླ་4པར་ལྷ་སར་དུས་ཡུན་ཉིན་7གྱི་གསོ་སྦྱོང་བྱས་པ་དང་ས་གནས་ས་ཐོག་ཏུ་ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྔོན་ཐོན་བྱ་ཐབས་དང་ཉམས་མྱོང་བསླབས་པར་གསོ་སྦྱོང་ནང་ཞུགས་མཁན་ཞིང་འབྲོག་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་མཐའ་གཅིག་ཏུ་ཐོབ་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716