སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཁ་གཏད་མཚོ་སྐྱོར་གྱིས“རིག་སྟོབས་དབུལ་སྒྲོལ”ལ་གཞི་ཚུགས་ཏེ་མཚོ་སྔོན་ལ་དབུལ་སྒྲོལ་བྱེད་རོགས་བྱས་པ།
སྤེལ་དུས། 2017-02-20   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  རིན་ཆེན།
          མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཁྲང་མིང་གིས། “མཚོ་ལྷོ་ཁུལ་སྨན་ཁང་གི་སྨན་བཅོས་སྒྲིག་ཆས་ཧ་ཅང་ཡག་པོ་ཡོད་རུང་དེ་སྔ་སྤྱོད་ཤེས་མཁན་མེད། ལོ་འདི་དག་ནང་ཆ་སྒྲིག་གིས་གསོ་སྦྱོང་བྱས་པ་བརྒྱུད་སྨན་བཅོས་སྒྲིག་ཆས་དེ་དག་གི་ནུས་པ་ཚང་མ་བཏོན་ཐུབ་ཡོད། ཁ་གཏད་རོགས་སྐྱོར་ཚན་པའི་རོགས་རམ་འོག་མཚོ་ལྷོ་ཁུལ་སྨན་ཁང་གིས་ཟུངས་ཁྲག་གཙང་གསིང་གཙོ་གནད་ཚན་ཁག་བཙུགས་ཏེ་མཚོ་ལྷོ་ཁུལ་གྱི་ཚན་ཁག་དེ་ཉིད་མེད་པའི་སྟོང་ཆ་གསབ་ཡོད”ཅེས་བཤད།
          དུས་ཡུན་རིང་པོ་མཚོ་སྔོན་གྱི་བོད་རིགས་ས་ཁུལ་དུ་ལས་ཀ་བྱས་ནས་བསྡད་པའི་ཝང་ཁྲང་མིང་གིས་ཤར་ནུབ་ས་ཁུལ་གྱི་མཐུན་སྦྱོར་རོགས་སྐྱོར་ལམ་སྲོལ་དེ་གཙོ་གནད་རྣམ་གྲངས“གཞན་རྟེན”ནས“རང་རྟེན”གྱི་རྣམ་པའི་བར་གྱི་རིག་སྟོབས་རོགས་སྐྱོར་ལ་བསྒྱུར་བས་ཐབས་ལམ་ཡག་པོ་སྤྱོད་ཐུབ་ཡོད་ཅེས་བཤད།
          2010ལོའི་ཟླ་1པོར་ཀྲེ་ཅང་དང་། ཅང་སུའུ། ཧྲང་ཧའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་མཚོ་སྔོན་གྱི་བོད་རིགས་རང་སྐྱོང་ཁུལ་དྲུག་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ནང་ཅང་སུའུ་ཞིང་ཆེན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་ཡོད།
          མཚོ་ལྷོ་ཁུལ་ཁ་གཏད་རོགས་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་དགེ་འདུན་རྒྱལ་གྱིས། “རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་བཏང་ནས‘གཞན་རྟེན’དེ‘རང་རྟེན’ལ་བསྒྱུར་བ་དང‘དབུལ་སྐྱོར’དེ‘རིག་སྟོབས་རོགས་སྐྱོར’ལ་བསྒྱུར་བ་ནི་མཚོ་ལྷོ་ཁུལ་ཚུད་པའི་བོད་རིགས་ས་ཁུལ་འཕེལ་རྒྱས་མྱུར་པོ་ཡོང་བ་བྱེད་པའི་བརྗོད་གཞི་ཞིག་ཡིན་པ་དང་། ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་ང་ཚོས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཁོང་ཚོར་སློབ་གསོ་གཏོང་རྒྱུ་དེ་འགག་རྩར་བརྩིས་ནས་ཕྱོགས་ཡོངས་དང་། རིམ་པ་མང་བ། ཐབས་ལམ་རྒྱ་ཆེ་བ་བཅས་ཀྱི་ཁ་གཏད་རོགས་སྐྱོར་ལས་ཀའི་སྟེགས་བུ་ཧུར་ཐག་བཏོད་ཡོད”ཅེས་བཤད།
          དགེ་འདུན་རྒྱལ་གྱིས། 2010ལོ་ནས་བཟུང་ཁ་གཏད་མཚོ་སྐྱོར་གྱི་སྟེགས་བུ་དེ་བརྒྱུད་རོགས་སྐྱོར་ཚན་པས་སྔ་རྗེས་སུ་ཁེ་ལས་དོ་དམ་དང་། སློབ་གསོ། འཕྲོད་བསྟེན། ནོར་སྲིད་དང་དངུལ་རྩ་བཅས་དང་དེ་བཞིན་ཞིང་འབྲོག་པའི་རྩལ་ནུས་སོགས་ཆེད་དོན་གསོ་སྦྱོང་དུས་ཐེངས་32གཉེར་ནས་མི་ཐེངས་2294ལ་གསོ་སྦྱོང་བྱས་པའི་ནང་ཆ་སྒྲིག་གིས་གསོ་སྦྱོང་བྱས་པ་བརྒྱུད་མཚོ་ལྷོ་ཁུལ་གྱི་སྨན་བཅོས་ཆེད་ལས་ལག་རྩལ་པ་900ལྷག་ཙམ་ཅང་སུའུ་རུ་གསོ་སྦྱོང་བྱེད་པར་མངགས་པ་དེས་ཁུལ་ཡོངས་ཀྱི་སྨན་བཅོས་ཆེད་ལས་ལག་རྩལ་མི་སྣའི་ཕྱེད་ཀ་ཡན་བཟུང་ཡོད་ཅེས་ངོ་སྤྲོད་བྱས།
          བོད་རིགས་ས་ཁུལ་གྱི་བྱིས་པ་ཚོས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པ་བྱ་ཆེད། ཅང་སུའུ་ཡིས་ནན་ཅིང་ཅང་ཉིང་མཐོ་རིམ་སློབ་འབྲིང་དུ“མཚོ་ལྷོའི་མི་རིགས་མཐོ་རིམ་སློབ་འབྲིང”བཙུགས་ནས་ལོ་ལྟར་མཚོ་ལྷོ་ཁུལ་ནས་སློབ་མ་80ལྷག་ཙམ་བསྡུ་གི་ཡོད།
          མཚོ་ལྷོ་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཡུན་གྱིས། “སློབ་མ་དེ་དག་མི་རིགས་འཛིན་གྲྭ་དང་འཛིན་གྲྭ་དཀྱུས་མར་ཕྱེ་བའི་ནང་འཛིན་གྲྭ་དཀྱུས་མ་མཐོ་རྒྱུགས་ནང་ཞུགས་ནས་དངོས་གཞིའི་ཚན་ཁག་གི་སྐར་གྲངས་ལོན་ཚད་92.5%ཟིན་པ་དང་མི་རིགས་འཛིན་གྲྭའི་དངོས་གཞིའི་ཚན་ཁག་གི་སྐར་གྲངས་ལོན་ཚད་77.4%ཟིན་གྱི་ཡོད། ཤེས་ལྡན་མི་སྣ་སོགས་ཀྱི་སྤེལ་རེས་མཉམ་ལས་དང་གསོ་སྦྱོང་ལ་སྐུལ་མ་བཏང་བ་བརྒྱུད། བོད་རིགས་ས་ཁུལ་གྱི་མང་ཚོགས་ཚོས་ཤར་རྒྱུད་དར་རྒྱས་ཆེ་བའི་ཁུལ་གྱི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་སྤྱོད་ཐུབ་པ་བྱུང་ནས་བོད་རིགས་ས་ཁུལ་གྱི་འབྱུང་འགྱུར་འཕེལ་རྒྱས་ཆེད་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་དུ་བཏང་ཡོད”ཅེས་བཤད།
          《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཆར་འགོད》གཞིར་བཟུང་། ཁ་གཏད་མཚོ་སྐྱོར་ལས་དོན་ཐད“རིག་སྟོབས”རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤེལ་རེས་སྟེགས་བུས་ཤེས་ལྡན་མི་སྣ་སྣ་ཚོགས་ཁག་བགོས་ཀྱིས་དར་རྒྱས་ཆེ་བའི་ས་ཁུལ་དུ་སློབ་སྦྱོང་བྱེད་པར་མངགས་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག བོད་རིགས་ས་ཁུལ་གྱིས“ཡུལ་གཞན་དུ་སློབ་སྦྱོང”བྱས་ཏེ་སློབ་གསོའི་ཐོན་ཁུངས་དེ་བས་ལེགས་པ་ལོངས་སྤྱོད་བྱས་པ་བརྒྱུད། བོད་རིགས་ས་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མར་ཡུལ་གཞན་དུ་གསོ་སྦྱོང་དང་དངོས་སྦྱོང་བྱེད་པའི་གོ་སྐབས་མང་ཙམ་རག་ཐབས་བྱས་ནས་མཚོ་སྔོན་ལ་ས་གནས་དེ་གའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་རྒྱུའི་སྐུལ་མ་བཏང་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716