སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
འབྲི་ཆུའི་ཆུ་འགོར་འབྲོག་པའི་སྣོད་བཅུད་སྲུང་སྐྱོང་ཚོགས་ཆུང་བཙུགས་པ།
སྤེལ་དུས། 2017-02-23   ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཆོས་སྒྲོན།
          དཔྱིད་གསར་དུས་ཆེན་བཏང་ཟིན་མ་ཐག་ས་བབ་སྨི་4500ཡོད་པའི་འབྲི་ཆུའི་ཆུ་འགོའི་ཐོག་ཐོན་གཙང་འགྲམ་དུ་འབྲོག་པའི་སྣོད་བཅུད་སྲུང་སྐྱོང་ཚོགས་ཆུང་སྟེ་བན་དེ་རི་བོའི་འབྲོག་པའི་སྣོད་བཅུད་སྲུང་སྐྱོང་ཚོགས་ཆུང་དང་པོ་དངོས་སུ་ལས་དོན་སྤེལ་འགོ་ཚུགས་པ་དང་། ཙུའུ་ཀྲང་བུ་བཀྲ་ཤིས་ཀྱིས་དུས་ངེས་མེད་དུ་རྩྭ་ཐང་ལ་སྐོར་ཞིབ་སྲུང་སྐྱོང་བྱེད་པ་དང་འབྲེལ་ལམ་ཞོར་དུ་བསྒྲུགས་པའི་གད་སྙིགས་དབྱེ་བ་ཕྱེ་ནས་འཇོག་པ་དང་དེ་རྗེས་དབྱེ་འབྱེད་མི་ཐུབ་པའི་གད་སྙིགས་སྤྱི་ལེ་50ཡི་སར་ཡོད་པའི་འབྲི་ཆུའི་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ས་ཚིགས་སུ་སྐྱེལ་གྱི་ཡོད།
          ད་ཕན་ལོ་ཤས་རིང་། ཕྱོགས་མི་ཇེ་མང་དུ་སོང་བ་དང་དེ་བཞིན་ས་གནས་དེ་གའི་འབྲོག་པའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཕྱིན་པའི་དབང་གིས། རྩྭ་ཐང་དུ་དབྱེ་འབྱེད་མི་ཐུབ་པའི་གད་སྙིགས་མང་དུ་ཕྱིན་པས། ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་གི་ཡོད། ཁྱིམ་ཚང་དེ་བས་མང་བ་འབྲི་ཆུའི་ཆུ་འགོ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ལ་ཞུགས་རྒྱུར་སྐུལ་སློང་བྱ་ཆེད། གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་གྱི་བུ་བཀྲ་ཤིས་སོགས་འབྲོག་པའི་དུད་ཚང་3གྱིས་འདི་ལོའི་ལུགས་རྙིང་ལོའི་ལོ་གསར་གྱི་གནམ་གང་ཉིན་མོར་བན་དེ་རི་བོའི་འབྲོག་པའི་སྣོད་བཅུད་སྲུང་སྐྱོང་ཚོགས་ཆུང་བཙུགས་ནས། བན་དེ་རི་བོ་དང་། བན་དེ་མཚེའུ། ཅེ་པི་མཚེའུ་སོགས་ས་ཁོངས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད།
          སྣོད་བཅུད་སྲུང་སྐྱོང་ཚོགས་ཆུང་གི་ལས་ཀ་གཙོ་བོ་ནི། རྒྱུན་གཏན་གྱི་སྐོར་ཞིབ་སྲུང་སྐྱོང་བྱེད་སྐབས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩྭ་ཐང་སྣོད་བཅུད་ལ་འཕྲད་པའི་གནད་དོན་དང་དེ་བཞིན་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་དང་། བསྒྲུགས་པའི་གད་སྙིགས་གཙང་སེལ་དང་དབྱེ་བ་ཕྱེ་བ་དང་དབྱེ་འབྱེད་མི་ཐུབ་པའི་གད་སྙིགས་མཚོ་བོད་གཞུང་ལམ་འགྲམ་གྱི་སྲུང་སྐྱོང་ས་ཚིགས་སམ་ཡང་ན་ལྗང་མདོག་ས་ཚིགས་སུ་དབོར་ནས། གཙང་སེལ་ནུས་ལྡན་བྱས་ཏེ་རྩྭ་ཐང་གི་སྔར་ཡོད་རྣམ་པ་སླར་གསོ་བྱ་རྒྱུ་དེ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716