སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ད་ལོར་མཚོ་སྔོན་གྱིས་མུ་མཐུད་དུ་དམངས་ཕན་སྲིད་ཇུས20ལྷག་ལག་བསྟར་བྱ་རྒྱུ་རེད།
སྤེལ་དུས། 2017-02-24   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རིན་ཆེན།
          2017ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་མུ་མཐུད་དུ་རོང་འབྲོག་ཁུལ་གྱི་ཁང་རྙིང་བསྒྱུར་བཅོས་དང་མཐོ་སྒང་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་ཉེན་སྲུང་དང་ལས་ཞུགས་ལས་སྐྲུན་སོགས་སྲིད་ཇུས20ལྷག་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཞིང་ཕྱུགས་ལས་ཀྱི་སྒུལ་ཤུགས་སྐུལ་སྤེལ་དང་ཞིང་ཕྱུགས་ལས་ཀྱི་འཕར་གནས་གསོ་སྐྱོང་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་མཁོ་སྤྲོད་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། གནད་འཕིགས་དབུལ་སྐྱོར་དང་དབུལ་ཐར་ལག་བསྟར་བྱས་ནས་རོང་འབྲོག་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱ་རྒྱུ་རེད།
          རྒྱུས་ལོན་པ་ལྟར་ན། ལས་གཞི་འདི་ལ་རོང་འབྲོག་ཁུལ་གྱི་ཁང་རྙིང་བསྒྱུར་བཅོས་དང་མཐོ་སྒང་གི་མཛེས་སྡུག་ཤང་གྲོང་འཛུགས་སྐྲུན། ཞིང་སྡེའི་བཙོག་ཆུ་ཚོད་ལྟའི་ཐག་གཅོད། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་ཉེན་སྲུང་། ལས་ཞུགས་ལས་སྐྲུན། གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན། སྐོར་ཐེངས་གསར་བའི་རྨོ་བསྐྱུར་ནགས་འཛུགས་ཁ་གསབ། ནགས་ལས་དངུལ་བུན་གྱི་ཀྲུང་དབྱང་ནོར་སྲིད་ཁ་གསབ། སྲིད་ཇུས་རང་བཞིན་གྱི་ནགས་ཚལ་ཉེན་སྲུང་། རི་སྐྱེས་སྲོག་ཆགས་ཀྱིས་མིའི་ཚེ་སྲོག་ལ་གནོད་སྐྱོན་བཟོས་པའི་ཁ་གསབ། ཞིང་ཕྱུགས་ལས་ཉེན་སྲུང་། གནམ་གཤིས་ཞབས་ཞུ། སྤྱི་བའི་འཕྲོད་བསྟེན། གློག་རྡུལ་ཚོང་དོན། སྐོར་ཐེངས་གསར་བའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའ་སོགས་ཀྱི་སྲིད་ཇུས་འདུས་ཡོད། ལྷག་པར་དུ་རོང་འབྲོག་པའི་ཁེ་དབང་སྲུང་སྐྱོང་དང་སློབ་གསོ། ནགས་ལས་བཅས་ཀྱི་ཐད་ལ་སྲིད་ཇུས་གསར་བ་བཏོན་ཡོད། །
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716