སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་དབུ་ཁྲིད་འདེམས་བསྐོ་བྱུང་བ།
སྤེལ་དུས། 2013-01-28   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ནོར་བུ།

    སྤྱི་ཟླ༡པོའི་ཚེས༢༧ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་དང་། སྐབས་གསར་པའི་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དབུ་ཁྲིད་ཁག་འདེམས་ཐོན་བྱུང་བ།
    འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་འདེམས་བསྐོ་གནང་ཡོད་པ་དང་། མགོན་པོ་བཀྲ་ཤིས་དང་། བློ་བཟང་རྡོ་རྗེ། ལི་སུའུ་ཀྲི སྒྲུབ་ཁང་ཐུགས་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། པད་མ་རྣམ་རྒྱལ། བློ་བཟང་འགྱུར་མེད། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། ཅིན་ཧྲེ་ཞུན། ཀའོ་གཡང་། བསོད་ནམས་རིག་འཛིན། ངག་དབང་། མཚམས་གཅོད།  ངག་ཕོད་འཇིགས་ཡོན་བཅས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་འདེམས་བསྐོ་གནང་ཡོད་པ་དང་བསོད་ནམས་འཕེལ་རྒྱས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་འདེམས་བསྐོ་བྱས་པ་དང་། ད་དུང་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་༧༧བཅས་འདེམས་བསྐོ་གནང་ཡོད་པ་རེད། 

 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060